འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཏེ་དབྱང་གིས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་སྨན་པ་བསྟེན་དཀའ་བའི་གནད་དོན་
    ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏེ་དབྱང་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སི་ཁྲོན་ཏེ་དབྱང་གྲོང་ཁྱེར་གྱིས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། གནད་དོན་ལ་དམིགས་པ་དང་། གནད་སྨིན་ཤུགས་འདོན། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱས་ཏེ། “བྱ་ཐབས་དངོས་ཆེན་པོ་དྲུག”ལ་བརྟེན་ནས་ཁ་གཏད་བོད་རིགས་ས་ཁུལ་གྱི་རོགས་སྐྱོར་སྨན་བཅོས་འཕྲོད་བསྟེན་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།
          སྒྲིག་ཆས་རོགས་སྐྱོར་གྱིས་སྨན་བཅོས་ཀྱི་མཁྲེགས་ཆས་ལེགས་སུ་བཏང་ཞིང་། བོད་རིགས་ས་ཁུལ་གྱི་ཤང་གྲོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་ཆས་དང་ཡོ་ཆས་འགན་ལེན་གྱི་ཆུ་ཚད་མི་འདང་བའི་གནད་དོན་ལ་དམིགས་ནས། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་བོད་རིགས་ས་ཁུལ་ལ་ཆ་ཚང་རང་འགུལ་གྱི་སྐྱེ་དངོས་རྫས་འགྱུར་དབྱེ་ཞིབ་ཡོ་ཆས་དང་། ཁྲག་རྒྱུན་ཕྲ་ཕུང་དབྱེ་ཞིབ་ཡོ་ཆས་སོགས་བསྡོམས་རིན་གོང་སྒོར་ཁྲི་400ཙམ་རི་བའི་སྨན་བཅོས་འཕྲོད་བསྟེན་སྒྲིག་ཆས་དང་ཡོ་ཆས་ཞལ་འདེབས་ཕུལ་ནས་སྒྲིག་ཆས་ཤང་གྲོང་ཁག་གི་འཕྲོད་བསྟེན་ཁང་ལ་བཀོད་སྒྲིག་བྱས་ཏེ་ཤང་གྲོང་འཕྲོད་བསྟེན་ཁང་གི་སྤྱི་ཡོངས་སྨན་བཅོས་འཕྲོད་བསྟེན་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཉིན་རེའི་དགོས་མཁོ་བསྐངས་བ་རེད།
         ལག་རྩལ་པ་མངགས་གཏོང་གིས་ནད་བརྟག་སྨན་བཅོས་ཀྱི་སྟོང་ཆ་བསབས་ཤིང་། ས་གནས་དེ་གའི་དགོས་མཁོ་གཞིར་བཟུང་། ཕུལ་བྱུང་སྨན་པ་བཀའ་བཅུ་པ་མངགས་ནས་རྔ་པ་རྫོང་སྨན་ཁང་དུ་ནད་ཁམས་ཚན་ཁག་དང་། འབྲས་སྐྲན་ཚན་ཁག རུས་ནད་ཚན་ཁག བདེ་ཐང་སླར་གསོའི་ཚན་ཁག་བཅས་དང་བདེ་ཐང་སླར་གསོའི་ནད་པ་ཞག་སྡོད་ཁང་སོགས་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་། ཀྲུང་ལུགས་གསོ་རིག་ཁང་སྐྲུན་རོགས་བྱས་པ། ཚན་ཁག་10ལྷག་ཙམ་གྱི་སྟོང་ཆ་བསྐངས་པ་བཅས་བྱས་པ་རེད། ཏེ་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རྔ་པ་རྫོང་མི་དམངས་སྨན་ཁང་དང་མཉམ་དུ་བསྐྲུན་པའི“ཏེ་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་རྔ་པ་རྫོང་མི་དམངས་སྨན་ཁང་རུས་ཚིགས་ནད་རྟགས་སྨན་བཅོས་ལྟེ་གནས”ཀྱིས་བོད་རིགས་ས་ཁུལ་དུ་ས་མཐོའི་རུས་ཚིགས་ཀྱི་ནད་ཐོག་མར་བཅོས་པ་ནས་རྒྱུན་གཏན་དུ་བཅོས་ཐུབ་པ་བྱུང་སྟེ། ས་མཐོའི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པར་སྨན་བཅོས་བྱེད་རྒྱ་ཆེ་རུ་ཕྱིན་ཡོད་པ་རེད།
        ནད་རྟགས་སྨན་བཅོས་ཀྱིས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བསྐངས་ཤིང་། ས་གནས་དེ་གར་རྒྱུན་དུ་མང་པོ་ཐོན་པའི་ནད་གཞིའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཧྥན་ཐེན་ཡུང་སྨན་བཅོས་རུ་ཁག་དང་འབུམ་རམས་པའི་མྱུར་འཁོར་གཤམ་སྐྱོད་སོགས་འོས་འགན་སྨན་བཅོས་དང་། སྐོར་སྐྱོད་སྨན་བཅོས། སྔོན་འགོག་ཞིབ་དཔྱད་ཚད་ལེན་སོགས་སྨན་བཅོས་བྱེད་པ་དང་སྨན་སྐྱེལ་ཐུབ་པ་བྱས་པ་རེད། བུད་མེད་དང་བྱིས་པར་ནད་གཞི་བརྟག་དཔྱད་བྱས་པ་དང་། མི་ཐེངས་80000ལ་འོས་འགན་སྐོར་སྐྱོད་སྨན་བཅོས་བྱས་པ། མི་ཐེངས་20000ལ་ཐུམ་འབུའི་ནད་བརྟག་དཔྱད་བྱས་པ། སྐྱེ་སྒོ་འགོག་པའི་གཤགས་བཅོས་549བྱས་པ། མི་ཐེངས་6000ལྷག་ཙམ་ལ་མཆིན་ཚད་ཁ་པའི་རིམས་འགོག་སྨན་ཁབ་བརྒྱབ་པ། ནད་པ་མི་ཐེངས་3000ལྷག་ཙམ་ལ་ཕྱོགས་བསྡུས་སྨན་བཅོས་བྱས་པ་བཅས་རེད།
         རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཀྱིས་སྨན་པའི་ཐོན་ཁུངས་མཉམ་སྤྱོད་བྱས་ཤིང་། ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོས་ནས་དེང་རབས་ལག་རྩལ་བྱ་ཐབས་གང་ལེགས་སྤྱད་དེ“དྲ་སྦྲེལ+”ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་གྱི་ལག་རྩལ་ཤེས་ལྡན་མི་སྣར“དྲ་ཐོག‘བརྒྱུད་ཁྲིད’”བྱེད་ཐུབ་ཡོད། དྲ་བའི་སྒོ་བསྟེན་སྨན་ཁང་གི་སྐད་འཕྲིན་ལས་སྟེགས་བཙུགས་ནས་ལས་སྟེགས་བརྒྱུད་འཕྲོད་བསྟེན་འཆར་ལྡན་མི་སྣར་ནད་ཐོག་སྨན་བཅོས་ཀྱི་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཀྱི་སློབ་ཁྲིད་བྱེད་ཀྱི་ཡོད། རྔ་པ་རྫོང་སྨན་ཁང་གི་རྒྱང་ཁྲིད་སྨན་བཅོས་མ་ལག་བཙུགས་ནས་ཆ་ལག་ཆ་ཚང་གི་བཀོལ་སྤྱོད་གསོ་སྦྱོང་བྱས་པ་བརྒྱུད། ཏེ་དབྱང་མི་དམངས་སྨན་ཁང་དང་རྔ་པ་སྨན་ཁང་གི་ས་གནས་གཉིས་ཀྱི་རིགས་གཅིག་མཁས་ཅན་ལྷན་འཛོམས་ནད་དཔྱད་བྱས་པ་དང་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་བྱས་པ་རེད།
         ཤེས་ལྡན་མི་སྣ་གསོ་སྐྱོང་གིས་ས་གནས་དེ་གའི་དཔུང་ཁག་བཙུགས་ཤིང་། “གདན་ཞུ་དང་ཕྱིར་གཏོང”གི་བྱེད་ཐབས་སྤྱད་དེ་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གསོ་སྦྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་བོད་རིགས་ས་ཁུལ་གྱི་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཁོངས་གཏོགས་སུ་རིགས་སྣ་ཚོགས་ཀྱི་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་ནས་ས་གནས་དེ་གར་སྤྱོད་གོ་ཆོད་ལ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་ཅིག་བཙུགས་ནས་བོད་རིགས་ས་ཁུལ་གྱི་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད།
          མཛའ་གྲོགས་ཆ་སྒྲིག་གིས་ཕུགས་ཕན་མཉམ་ལས་བྱས་ཤིང་། ཏེ་དབྱང་སྨན་ཁང་དང་བོད་རིགས་ས་ཁུལ་གྱི་སྨན་ཁང་སྒྲིག་འཛུགས་བྱས་ཏེ“གཅིག་རོགས་གཅིག”གི་《མཛའ་གྲོགས་ཆ་སྒྲིག་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད་དེ་སྨན་བཅོས་ལག་རྩལ་དང་། ཉམས་མྱོང་སྤེལ་རེས། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལ་དུས་ཡུན་རིང་པོའི་མཉམ་ལས་བྱས་པ་རེད། མིག་སྔར་ཏེ་དབྱང་གིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་རིགས་ས་ཁུལ་གྱི་སྨན་ཁང(སྨན་བཅོས་སྒྲིག་གཞི)མང་པོ་ཞིག་ཏེ་དབྱང་སྨན་ཁང་དང་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་100ལྷག་ཙམ་མངགས་ནས་རོགས་སྐྱོར་དང་ལེན་ས་ཆར་ཚན་ཁག་མཉམ་སྐྲུན་དང་ནད་ཐོག་སྨན་བཅོས་ཁྲིད་སློབ་སོགས་བྱེད་སྒོ་སྤེལ་ཏེ་བོད་རིགས་ས་ཁུལ་སྨན་ཁང་གི་སྨན་བཅོས་ལག་རྩལ་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།