འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་མཇལ་འཛོམས་བྱ་རྒྱུར་གྲོས་མཐུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སོ་ཁོ་རུ་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པོ་ཨར་ཏུན་(John Robert Bolton)དང་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་པོའི་དབར་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་མཇལ་འཛོམས་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།     
         ཐུག་འཕྲད་བྱས་རྗེས། པོ་ཨར་ཏུན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག  ཨ་རི་དང་ཨུ་རུ་སུའི་འབྲེལ་བ་ནི་འཛམ་གླིང་བརྟན་ལྷིང་དང་འབྲེལ་བ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཐུན་མོང་གི་གནད་དོན་ལ་གྲོས་སྡུར་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་དགོས་པའི་འདོད་ཚུལ་བསྟན་པ་དང་། ཕྱོགས་གཉིས་དབར་གྱི་མཇལ་འཛོམས་ལ་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བཤད། ཁོང་གིས་ད་དུང་། ཨ་རིའི་ཁེ་ལི་མི་ཡའི་གཏོགས་ཁོངས་སྐོར་གྱི་གནད་དོན་ཐད་ཀྱི་རྣམ་འགྱུར་ལ་འགྱུར་བ་མེད་ཅེས་བཤད།
          ཉིན་དེའི་སྔ་དྲོར། པོ་ཨར་ཏུན་དང་ལ་ཧྥུ་ལའོ་ཧྥུ་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་ཀྱིས་ཨ་རི་དང་ཨུ་རུ་སུའི་འབྲེལ་བ་ལ་ཞིབ་དཔྱད་བྱས་པ་མ་ཟད། ད་དུང་སི་རི་ཡ་དང་ཡུག་རེན་གྱི་གནད་དོན་སོགས་རྒྱལ་སྤྱིའི་གནད་དོན་ལ་ཕན་ཚུན་ལྟ་བ་བརྗེ་རེས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།