འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ནང་ཞུགས་ནས་རིག་གནས་སྣ་ཚོགས་མྱོང་
    རོལ་བྱེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་2019ལོའི་པེ་ཅིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ཀྱི་རྒྱལ་སྤྱིའི་འགྲེམས་ཞུགས་ཕྱོགས་ཀྱི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་ཚོགས་ཞུགས་འཐུས་མི་ཚོས་རང་རྒྱལ་ཁབ་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་མཚོན་ཐུབ་པའི་སྐྱེད་ཚལ་སྒྱུ་རྩལ་དང་རིག་གནས་གཞི་རྒྱུ་འདེམས་སྒྲུག་ཞིབ་ཚགས་བརྒྱབ་སྟེ་ཚོགས་འདུ་གཟབ་རྒྱས་དེར་ཞུགས་རྒྱུ་རེད། མིག་སྔའི་བར་དབྱིན་ཇི་དང་། འཇར་མན། རི་པིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་97གྱིས་ཡིག་ཐོག་ནས་2019ལོའི་པེ་ཅིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ནང་ཞུགས་རྒྱུ་ཡིན་པ་གཏན་འཁེལ་བྱུང་ཡོད། དེའི་ཐོག་ནས་སྐབས་འདིའི་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ནི་འགྲེམས་ཞུགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཞུགས་མང་ཤོས་ཡིན་པ་མངོན།
      

    ཕྱོགས་བསྡུས་གསར་འགྱུར།