འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་
    ནས་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་
    རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་སྐོར་གྱི་བསམ་འཆར་》བཀྲམ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་26ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
                《བསམ་འཆར་》ནང་བསྟན་དོན། དུས་རབས་གསར་པར་སླེབས་པས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དབར་གྱི་འགལ་བ་ཐག་གཅོད་བྱེད་དགོས་པ་དེས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་བླང་བྱ་གསར་པ་མང་པོ་ཞིག་བཏོན་ཡོད། དེས་ན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་འཕྲད་པའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྣོད་བཅུད་དར་ན་ཤེས་དཔལ་དར་ལུགས་མཐའ་འཁྱོངས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས། སྣོད་བཅུད་ཁོར་ཡུག་བཟང་པོ་ནི་དམངས་འཚོའི་བདེ་རྩར་ཕན་པ་ཆེ་ཤོས་ཡིན་པ་མཐའ་འཁྱོངས། རི་ཆུ་ནགས་ཞིང་མཚོ་དང་རྩྭ་བཅས་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པ་མཐའ་འཁྱོངས། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་དམ་ཤོས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཐའ་འཁྱོངས། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་དམངས་ཡོངས་ཀྱི་བྱ་སྤྱོད་མཐའ་འཁྱོངས། གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མཉམ་དུ་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། ཏང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཏང་སྲིད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ། 2020ལོར་སླེབས་སྐབས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་འགྲོ་བ་དང་། སྦགས་བཙོག་གཙོ་བོ་ཕྱིར་འབུད་ཀྱི་བསྡོམས་འབོར་ཧ་ཅང་ཉུང་དུ་འགྲོ་བ། ཁོར་ཡུག་གི་ཉེན་ཁར་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་འཚམ་མཐུན་ཡོང་བ་བྱེད་དགོས།
              སྣོད་བཅུད་ཤེས་དཔལ་གྱི་མ་ལག་གང་མགྱོགས་གཏོད་པར་བརྟེན་ནས། 2035ལོར་སླེབས་སྐབས་ཐོན་ཁུངས་གྲོན་ཆུང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བར་སྟོང་གི་རྣམ་པ་དང་། ཐོན་ལས་ཀྱི་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་སྤྱིར་ན་ཆགས་པར་བྱས་ཏེ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ལེགས་སུ་འགྲོ་རྒྱུ་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་སྤྱིར་ན་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྣོད་བཅུད་ཤེས་དཔལ་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ། སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མངོན་འགྱུར་བྱེད་དགོས།
            《བསམ་འཆར་》ནང་ད་དུང་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱེད་པའི་དམག་འཐབ་ཡག་པོ་རྒྱག་པ། ས་གཙང་སྲུང་སྐྱོབ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོ་མགྱོགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།