འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་དགུན་སྒྲོལ་ཆུ་བྱ་བཅུ་ཆ་གསུམ་ཙམ་མང་དུ་སོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་26ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    རྩྭ་ཆུ་བཟང་བའི་གངས་ལྗོངས་ས་མཐོར་ཁྲུང་ཁྲུང་སྐེ་ནག་དང་འབྲི་གཡག་ཞི་མཐུན་མཉམ་གནས་ངང་འཚོ་བ་རྒྱུན་དུ་མཐོང་རྒྱུ་ཡོད།
    རྩྭ་ཆུ་བཟང་བའི་གངས་ལྗོངས་ས་མཐོར་ཁྲུང་ཁྲུང་སྐེ་ནག་དང་འབྲི་གཡག་ཞི་མཐུན་མཉམ་གནས་ངང་འཚོ་བ་རྒྱུན་དུ་མཐོང་རྒྱུ་ཡོད།
             མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་བོད་ཀྱི་དཔེ་མཚོན་ཁུལ་གྱི་བྱ་རིགས་ཀྱི་སྣ་མང་རང་བཞིན་གྱི་དཔེ་སྟོན་ལྟ་དཔྱད་ཚད་ལེན་ཟིན་ཐོ་ལས་མངོན་པར། 2017ལོ་ནས་2018ལོ་བར། བོད་ལྗོངས་ཀྱི་དགུན་སྒྲོལ་ཆུ་བྱའི་གྲངས་འབོར་ཁྲི་16.3ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་30%ཙམ་འཕར་ནས་བོད་ལྗོངས་ཀྱི་དགུན་སྒྲོལ་ཆུ་བྱའི་གྲངས་འབོར་གྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ནང་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཧ་ལམ་8500ལྷག་ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་60%ཡན་བཟུང་ཡོད་པ་རེད།
                 “ཞིབ་འཇུག་ལས་མངོན་པར། དུས་བྱ་འཚོ་སྡོད་ཁུལ་གྱི་རྩྭ་ཆུ་དེ་བས་བཟང་པོ་ཡོད། དེས་བྱ་རིགས་སྣ་ཚོགས་ཀྱི་འཚོ་སྡོད་ཀྱི་དགོས་མཁོ་སྐོང་ཐུབ་པས་སྐྱེ་དངོས་ཀྱི་གྲངས་འབོར་མང་དུ་སོང་ལ་རིགས་ཀྱང་ཇེ་མང་དུ་སོང་ཡོད། ལོ་འདི་དག་རིང་བོད་ལྗོངས་ཀྱི་སྣོད་བཅུད་བདེ་འཇགས་ཁྱོན་ཡོངས་ནས་ལེགས་སུ་སོང་བ་མཚོན་ཐུབ”ཞེས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤའོ་ཅེན་ཤིན་གྱིས་བཤད།
            ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། 2016ལོ་ནས་2017ལོའི་དགུན་དུས་བར། བོད་ལྗོངས་ཀྱི་དགུན་སྒྲོལ་ཆུ་བྱའི་གྲངས་འབོར་ཁྲི་12.59ལྷག་ཙམ་ཟིན་པ་དང་། ཉེ་བའི་ལོ་གཉིས་རིང་། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཁྲུང་ཁྲུང་སྐྱ་བོ་དང་། བྱ་གག་མགོ་དམར། བྱ་གག་མིག་དཀར་སོགས་རྩ་ཆེའི་བྱ་རིགས་ཀྱང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།