འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་ཚང་མ་གཤམ་སྤྲོད་བྱས་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་26ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་55བཏང་བའི་ཐོག་2017ལོའི་ཟླ་10པར་སྔ་སྣུར་དུ་བཏང་བའི་སྒོར་དུང་ཕྱུར་605.75བསྣན་ན། 2018ལོར་ཁ་གསབ་བྱ་ཡུལ་ས་ཁུལ་ལ་སྔོན་རྩིས་བཀོད་སྒྲིག་བྱས་པའི་ཆུ་བེད་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར་660.75ཚང་མ་བཏང་ཟིན་པ་རེད།
              《ཞིང་འབྲེལ་མ་དངུལ་གྱི་སྤྱི་འདོམས་བསྡུ་སྒྲིལ་གྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་》ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་གྱི་མ་དངུལ་དགོས་མཁོ་འགན་ལེན་བྱ་ཆེད། ནོར་སྲིད་པུས“ཆེད་དོན་ཆེ་མོ+ལས་འགན་གསལ་ཐོའི”བྱེད་སྟངས་སྤྱད་དེ་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་རགས་རྩིས་ལྟར་ཞིང་ཆེན་དུ་བཏང་བ་དང་། ས་ཁུལ་གྱིས་ལས་འགན་གསལ་ཐོ་གཞིར་བཟུང་འབྲེལ་ཡོད་ཀྱི་ཆུ་བེད་འཛུགས་སྐྲུན་ནང་སྤྱི་འདོམས་ཐོག་སྤྱད་དེ་ནུས་ཆེ་དང་གྲོན་ཆུང་གི་ཆུ་གཏོང་སོགས་ཞིང་ནང་ཆུ་བེད་འཛུགས་སྐྲུན་དང་། ས་འོག་ཆུ་ཚད་བརྒལ་སྔོག་འདོན་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་། གནོད་འཚེའི་རྗེས་ཀྱི་ཆུ་བེད་ཀྱི་ཞན་ཆའི་ལྷུ་ཚིགས་འཛུགས་སྐྲུན། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་སོགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།
              ནོར་སྲིད་པུས་ས་ཁུལ་ཁག་གིས་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་དོ་དམ་དང་བེད་ཡག་པོ་སྤྱད་དེ་དབུལ་པོའི་རྫོང་གི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་ཏན་བྱེད་དགོས་པ་མ་ཟད། ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་རྩིས་ལག་བསྟར་མགྱོགས་སུ་གཏོང་བ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།