འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ནམ་པའི་རི་མོ་དང་ཤོག་དྲས་འདྲ་གཟུགས་240ལྷག་ཙམ་ཤིན་ཅང་དུ་འགྲེམས་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་22ཉིན། “ཀྲུང་ཧྭ་ཡི་ཉམས་བཟང་། ཕ་ཡུལ་གྱི་བརྩེ་སེམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སོ་ནམ་པའི་རི་མོ་དང་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་འགྲེམས་སྟོན་ཤིན་ཅང་གི་དེང་རབས་མཛེས་རྩལ་ཁང་དུ་བྱེད་འགོ་ཚུགས་ཤིང་། ཤིན་ཅང་དང་། ཀོང་ཏུང་། ཀྲེ་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་9ནས་འཁྱེར་ཡོང་བའི་སོ་ནམ་པའི་རི་མོ་དང་ཤོག་དྲས་འདྲ་གཟུགས་240ལྷག་ཙམ་འགྲེམས་སྟོན་བྱས་པ་དང་སྒྱུ་རྩལ་འགྲེམས་སྟོན་དེ་ཟླ་7ཚེས་1ཉིན་བར་བྱ་རྒྱུ་ཡིན་པ་རེད།
            སྟོན་བསྡུའི་དུས་ཚིགས་སུ་ཡུ་གུར་རིགས་ཀྱི་བུད་མེད་ཀྱིས་ལུས་ལ་བཀྲག་མདངས་འཚེར་བའི་མི་རིགས་རྒྱན་གོས་སྤྲས་ཏེ་འབྲས་བུ་ཡོངས་སུ་བཏགས་པའི་རྒུན་འབྲུམ་སྡོང་པོའི་འོག་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་ཆ་དཀྲོལ་གྱིན་ཞབས་བྲོ་འཁྲབ་ཀྱི་ཡོད། ཤིན་ཅང་མའེ་ཀའེ་ཐི“ཏའོ་ལང་སོ་ནམ་པའི་རི་མོའི”རྒྱུན་འཛིན་པ་མི་རབས་གཉིས་པ་མི་ནཱ་ཝའར·མུའུ་ཐའེ་ལི་ཕུའུ་ཡིས་རང་ཉིད་ཀྱི་བརྩམས་ཆོས་《དམངས་ཁྲོད་ཀྱི་བུད་མེད་སྒྱུ་རྩལ་པ་》ཞེས་པ་འགྲེམས་སྟོན་བྱས་པ་རེད།
           བྱ་བྱིའུ་དང་། དམངས་ཁྲོད་ཀྱི་སྒྲུང་གཏམ། རི་ཆུའི་མཛེས་ལྗོངས། དུས་རབས་ཀྱི་འཕོ་འགྱུར་ལ་སོགས་བརྗོད་གཞི་མི་འདྲ་བའི་བརྩམས་ཆོས་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པ་མཚོན་གྱི་ཡོད་ལ་འགྲོ་བ་མིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ཀྱང་མཚོན་གྱི་ཡོད།
           ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཧྲེ་ཡུན་ཧའེ་ཡིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་བརྩོན་ལེན་གཏིང་ཟབ་པོ་བྱེད་ཕྱོགས་འདུས་ཡོད། དེས་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་སྐྱོང་གི་ཡོད་ལ་མི་རིགས་ཁག་གི་རིག་གནས་ཀྱང་དར་སྤེལ་གཏོང་གི་ཡོད། ད་རེས་ཀྱི་འགྲེམས་སྟོན་བྱེད་དོན་ནི་ལྗོངས་ཕྱི་ནང་གི་རིག་གནས་སྒྱུ་རྩལ་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་། མི་རིགས་ཁག་གི་རིག་གནས་ཕན་ཚུན་མཉམ་འདྲེས་ཐུབ་རྒྱུ། ཤིན་ཅང་གི་སོ་ནམ་པའི་རི་མོ་དང་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་ཡིན་ཞེས་བཤད་པ་རེད།
           སོ་ནམ་པའི་རི་མོར“ཀྲུང་གོའི་སོ་ནམ་པར་དམིགས་སུ་ལྡན་པའི་སྒྱུ་རྩལ་གྱི་སྐད་ཆ”ཞེས་བརྗོད་པ་དང་རང་རྒྱལ་གྱི་ཆེས་གནའ་རབས་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་གྲས་ཤིག་ཡིན་པའི་ཤོག་དྲས་འདྲ་གཟུགས་ལ“དམངས་ཁྲོད་སྒྱུ་རྩལ་གྱི་མཆོག་ནོར”ཞེས་བརྗོད་སྲོལ་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅང་གིས“ཀྲུང་ཧྭ་ཡི་ཉམས་བཟང་། ཕ་ཡུལ་གྱི་བརྩེ་སེམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སོ་ནམ་པའི་རི་མོ་དང་ཤོག་དྲས་འདྲ་གཟུགས་སྒྱུ་རྩལ་འགྲེམས་སྟོན་བྱས་པ་དང་ཆབས་ཅིག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གྲྭ་དང་སྡེ་ཁུལ་དུ་དྲིལ་བསྒྲགས་བྱེད་པའི་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་ཀྱིས་སྤེལ་རྒྱུ་མ་ཟད། ད་དུང་ནང་སའི་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་བྱེད་སྒོ་སྤེལ་ཡུལ་དུ་གསར་གཏོད་དང་། སྤེལ་རེས། བགྲོ་གླེང་བཅས་བྱེད་པར་གདན་ཡང་འདྲེན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།