འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་ཁུལ་དུ"མངགས་ཐོ་རྣམ་པའི"ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་ཆེད་ལས་ཅན་གྱི་
    ཤེས་ལྡན་པའི་གསོན་ཤུགས་འཕེལ་བར་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྩ་འཛུགས་སྡེ་ཚན་ནས་ཤེས་རྟོགས་བྱས་པ་ལྟར་ན། དུས་ཡུན་རིང་པོའི་ནང་ཤེས་ལྡན་པ“ནང་འདྲེན་མི་ཐུབ་པ་དང་། གནས་མི་ཐུབ་པའི”གནད་དོན་སེལ་ཆེད། ཡུལ་ཤུལ་ཁུལ་གྱིས“ཆེད་ལས་ཅན་དང་། རང་ས་ཅན། མི་རིགས་ཅན”བཅས་ཀྱི་གསོ་སྐྱོང་རྩ་དོན་ལ་གཞི་བཙུགས་ཏེ་སློབ་གྲྭ་དང་ས་ཁུལ་དབར་མཉམ་ལས་ཆེ་རུ་བཏང་བ་དང་ལས་ཞུགས་ཕྱོགས་སྟོན་དུ་བྱས་པའི“མངགས་ཐོ་རྣམ་པའི”ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་མུ་མཐུད་ཟབ་ཏུ་བཏང་ནས་རང་སའི་ཤེས་ལྡན་པ་ཕུལ་བྱུང་གསོ་སྐྱོང་བྱས་པས་ཤེས་ལྡན་པའི་ལས་དོན་གྱི་ཡོངས་ཁྱབ་ཆོས་ཉིད་དང་འཚམ་ལ་ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་པའི་ལས་དོན་གྱི་བགྲོད་ལམ་ཞིག་འཚོལ་ཞིབ་ཐུབ་ཡོད་པ་རེད།
           ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་ཤུལ་ཁུལ་གྱིས“ཆེད་དོན་འཛིན་གྲྭ་དང་གནས་གཏན་འཁེལ་ཟུང་འབྲེལ”དང“ཚད་ལོན་དང་ཁྱད་ཆོས་ཟུང་འབྲེལ”གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་གཞུང་གིས་རང་ངོས་ཀྱི་དོན་དངོས་དགོས་མཁོ་གཞིར་བཟུང་“ཐོ་མངགས་པ”དང་། སློབ་གྲྭས་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གསོ་སྐྱོང་གི་ཇུས་གཞི་སྒྲིག་བཟོ་དང་། སློབ་ཁྲིད་ཀྱི་སློབ་ཚན་བཀོད་སྒྲིག དགེ་རྒན་གྱི་སྟོབས་ཤུགས་མངགས་པ་བཅས་ཀྱི་དགོས་མཁོ་གཞིར་བཟུང“མངགས་ཐོ་ལེན”གྱི་ཡོད། “ཡུལ་ཤུལ་ཁུལ་གྱི་ན་གཞོན་ཤེས་ལྡན་པ་330‘གསོ་སྐྱོང’འདུ་འགོད”ལག་བསྟར་བྱས་ཏེ་གསོ་སྐྱོང་གི་མི་མངོན་པའི་ནུས་པ་ལྡན་པའི་ན་གཞོན་ཤེས་ལྡན་པ་ཞིང་ཆེན་ཕྱིའི་མཐོ་རིམ་སློབ་གྲྭར་རྒྱུན་མཐུད་སློབ་གསོ་དང་། སློབ་སྦྱོང་ཟབ་སྦྱོང་། འཛིན་གྲྭར་ཟུར་ཞུགས་སློབ་སྦྱོང་བཅས་ལ་མངགས་ཏེ་ལོ་3གྱི་ནང་རང་སའི་ན་གཞོན་ཕུལ་བྱུང་30རིག་ཚན་སྣེ་ཁྲིད་པར་གསོ་སྐྱོང་བྱས་པ་རེད། ཡུལ་ཤུལ་གྱི་ཆུ་བེད“མངགས་ཐོ་འཛིན་གྲྭ”བཙུགས་ནས་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་39ཧྲའན་ཤིས་དབྱང་ལིན་ལས་རིགས་ལག་རྩལ་སློབ་གྲྭར་སློབ་སྦྱོང་ཟབ་སྦྱོང་ལ་མངགས་པས་ཤེས་ལྡན་པ་གསོ་སྐྱོང་ལ་སློབ་ཞུགས་དང་ལས་ཞུགས་ཀྱི“བབ་བསྟུན་ལས་སྒྲུབ”ཐུབ་པ་རེད།
          ཡུལ་ཤུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་སློབ་རྒྱུས་མཐོ་བ་དང་ཆེད་ལས་ཅན་གྱི་ཤེས་ལྡན་པ་དཀོན་པའི་དོན་དངོས་ལ་དམ་པོར་གཞིགས་ནས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་མངགས་ཐོའི་ཕྱོགས་གཏན་འཁེལ་གྱི་གསོ་རིག་ཆེད་ལས་ཀྱི་དངོས་གཞི་དང་ཆེད་ཚན་སློབ་མའི་རྣམ་གྲངས་བརྩོན་ལེན་དང་ལག་བསྟར་ཧུར་ཐག་བྱས་ནས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གྲྭ་དང་མཉམ་དུ་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་དང་། ཞིབ་བཤེར་རིག་པ། སྔོན་འགོག་གསོ་རིག་བཅས་ཀྱི་དངོས་གཞི་དང་ཆེད་ཚན་གྱི་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་གྲོས་མཐུན་118བཞག་པ་དང་2017ལོར་སློབ་གྲྭ་ཐོན་པ་དག་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིར་ལས་ཀ་བཀོད་སྒྲིག་བྱས་པར་བརྟེན། ཡུལ་ཤུལ་ཁུལ་དང་ལྷག་དོན་དུ་རྫོང་རིམ་པའི་སྨན་ཁང་གི་སློབ་རྒྱུས་མཐོ་བ་དང་ཆེད་ལས་ཅན་གྱི་ཤེས་ལྡན་པ་གདན་འདྲེན་དཀའ་བའི་གནད་དོན་རགས་ཙམ་བསལ་ཐུབ་པ་རེད། དེ་དང་ཆབས་ཅིག་གན་རྒྱ་བཞག་པའི་སློབ་མའི་ཐེམ་ཁུངས་དབྱེ་འབྱེད་བྱས་པ་བརྒྱུད། མཐོ་རྒྱུགས་གོང་གི་ཁེར་རྒྱུགས་ཁེར་བསྡུ་སོགས་ཀྱི་བྱེད་ཐབས་ལག་བསྟར་གྱིས་ཡུལ་ཤུལ་ཁུལ་ལ་རང་སའི་གསོ་རིག་སློབ་ཆེན་དང་ཆེད་སྦྱོང་གི་སློབ་རྒྱུས་ཅན་གྱི་སློབ་མ་གསོ་སྐྱོང་བྱས་པས་ས་ཁུལ་གྱི་ལས་ཞུགས་དཀའ་ངལ་བསལ་བ་མ་ཟད། གཞི་རིམ་དུ་ཤེས་ལྡན་པ“གདན་འདྲེན་མི་ཐུབ་པ་དང་། གནས་མི་ཐུབ་པ”སོགས་ཀྱི་གནད་དོན་ངོ་མ་སེལ་བའི་ཐབས་ལམ་ཡང་རྒྱ་ཆེ་རུ་བཏང་བ་རེད།
          དེ་དང་ཆབས་ཅིག་ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཤེས་ལྡན་པ་ཆེད་ལས་ཅན་དུ་འགྱུར་ཤུགས་ཞན་པའི་དོན་དངོས་ལ་གཞིགས་ཏེ་ཀྲོའུ་རིམ་པའི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་15རྒྱབ་སྐྱོར་བྱས་པ་དང་། “གཞི་རྩ་གསུམ”གྱི་ལས་བྱེད་པ་སློབ་གྲྭ་དང་ཡུལ་ཤུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭར་བརྟེན་ནས་ཕྱོགས་གཏན་འཁེལ་ངང་ཤང་དང་གྲོང་རྡལ་གྱི་རྗེས་གྲབས་ལས་བྱེད་པ་20གསོ་སྐྱོང་བྱས་པར་བརྟེན། ཤང་དང་གྲོང་རྡལ་འགའ་ཞིག་གི་རྗེས་གྲབས་ལས་བྱེད་པའི་སློབ་རྒྱུས་དམའ་བ་དང་ཆེད་ལས་ཅན་གྱི་ཆུ་ཚད་དམའ་བ་སོགས་ཀྱི་དཀའ་ངལ་ཆུང་དུ་ཕྱིན་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ཤེས་ལྡན་པ་གསོ་སྐྱོང་དང་གསོ་སྦྱོང་ལས་དོན་ལ་ཐབས་ལམ་གོ་ཆོད་ཅིག་འཚོལ་ཞིབ་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།