འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི"མེ་འཁོར་གྱི་མགོ"འཇར་མན་ལ་ཕྱིར་གཏོང་ཐེངས་དང་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན། གསར་འགོད་པར་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་གྱི་མགོ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་ཉིན་ཤས་གོང་འཇར་མན་ལྕགས་ལམ་མ་རྐང་ཀུང་སི་དང་མཉམ་བསྲེས་སྒུལ་ཤུགས་རྣམ་པའི“མེ་འཁོར་གྱི་མགོ”གསར་པ་20ཡི་སྒྲོམ་གཞིའི་གྲོས་དན་དང་མེ་འཁོར་གྱི་མགོ་4ཡི་མངགས་ཐོ་ཁག་དང་པོ་བཞག་པ་དེ་ཐོག་ནས། ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་མེ་འཁོར་ཧྲིལ་པོའི་ཐོན་རྫས་ལ་འཛམ་གླིང་མཐོ་རིམ་ཁྲོམ་རས་ཁས་ལེན་ཐོབ་པ་མཚོན་ཡོད་པ་རེད།
           ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་གྱི་མགོ་ཚད་ཡོད་ཀུང་སིའི་རིགས་གཅིག་མཁས་ཅན་གྱིས། ཐེངས་འདིར་གན་རྒྱ་བཞག་པའི“མེ་འཁོར་མགོ”ནི་TSI(ཡོ་རོབ་ལྕགས་ལམ་ཕན་ཚུན་འབྲེལ་མཐུད་ཚད་གཞི)ཚད་གཞི་དང་འཇར་མན་ལྕགས་ལམ་དྲ་བ་EBA(འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ལྕགས་ལམ་ཅུས)ཡི་དྲ་ཞུགས་བླང་བྱ་ལྟར་ཇུས་འགོད་བྱས་པ་ཡིན་ལ། མེ་འཁོར་ཧྲིལ་པོའི་འཁོར་ལོའི་ཤུགས་ཚད་ཆེ་ཤོས་750kwདང་ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྤྱི་ལེ་100ཟིན་གྱི་ཡོད། མེ་འཁོར་འདིའི་རིགས་འཇར་མན་གྱི་ལྕགས་ལམ་གཙོ་བོའི་དྲ་བ་དང་པེར་ལིན་གྲོང་ཁྱེར་ལྕགས་ལམ་ཆུང་གྲས་ཐོག་འཁོར་སྐྱོད་བྱེད་ཆོག་ལ། གཙོ་བོར་ལྕགས་ལམ་ཨར་སྐྲུན་བྱ་ཡུལ་གྱི་ཟོག་འགྲེམས་མཁོ་སྤྲོད་དང་ཚོད་ལྟ་སོགས་ཀྱི་ཐད་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ལྕགས་ལམ་སྒྲིག་ཆས་ལག་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས། “ཕྱིར་སྐྱོད་པའི”གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། ཀྲུང་ཁྲེ་ཀྲོའུ་ཀྲོའུ་གློག་ཤུགས་མེ་འཁོར་གྱི་མགོ་ཚད་ཡོད་ཀུང་སིར་གསར་གཏོད་ནུས་པ་དང་ཁ་བཤད་ལག་བསྟར་ནུས་པ་ཆེན་པོར་བརྟེན་ནས། ཨེ་ཤེ་ཡ་དང་། ཡོ་རོབ། གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨོ་སི་ཁྲུ་ལི་ཡ་བཅས་གླིང་ཆེན་བཞིའི་རྒྱལ་ཁབ་20ཙམ་གྱི་མི་དམངས་ཤོག་སྒོར་དུང་ཕྱུར་500ལྷག་ཙམ་གྱི་མངགས་ཐོ་རག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།