འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཞིང་ས་ཁོངས་ལས་བརྒལ་བའི་གྲོ་འཕྲུལ་བསྡུའི་ལས་དོན་མཇུག་སྒྲིལ་གྲབས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 12:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། འདི་ལོའི“དབྱར་ཁའི་བསྡུ་གཉེར་འདེབས་གསུམ”རིང་། གྲོ་ས་ཁོངས་བརྒལ་ནས་འཕྲུལ་བསྡུ་བྱེད་པའི་མཉམ་རུབ་དམག་འཐབ་ཆེན་པོ་ཟླ་5ཚེས་28ཉིན་ནས་བཟུང་རྒྱག་འགོ་ཚུགས་ཤིང་། ལྷོ་ནས་བྱང་བར་མགྱོགས་མྱུར་དང་། གོ་རིམ་ལྡན་པ། བརྟན་པོ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་བས་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཧྲན་ཏུང་། ཧོ་པེ། ཧྲའན་ཤིས་སོགས་དགུན་གྲོ་ཐོན་སྐྱེད་བྱེད་ཁུལ་གཙོ་བོ་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་བྱུང་ཡོད། ཞིང་ལས་གྲོང་གསེབ་པུས་ཞིང་ལས་བཀོད་འདོམས་བྱས་པར་གཞིགས་ན། ཟླ་6ཚེས་19ཉིན་བར་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར་3.1བསྡུས་ཟིན་པ་དང་རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཞིང་ས་ཁོངས་ལས་བརྒལ་བའི་གྲོ་འཕྲུལ་བསྡུ་མཇུག་སྒྲིལ་གྲབས་ཡོད་པས་འཕྲུལ་བསྡུའི་བསྡུར་གྲངས་95.5%ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ས་གནས་ཁག་ཏུ་དབྱར་འདེབས་ལས་དོན་རིམ་བཞིན་མགྱོགས་མྱུར་སྤེལ་ནས་རྒྱལ་ཡོངས་སུ་དབྱར་འདེབས་མ་རྨོས་ལོ་ཏོག་མུའུ་དུང་ཕྱུར་1.45འཕྲུལ་འདེབས་བྱས་ནས་འཕྲུལ་འདེབས་བསྡུར་གྲངས་82%ལས་བརྒལ་ཡོད།
           རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཞིང་ས་ཁོངས་ལས་བརྒལ་བའི་གྲོ་འཕྲུལ་བསྡུའི་ལས་དོན་གྱི་ལས་ཆོད་ཆེ་ཞིང་། འདི་ལོ་རྒྱལ་ཡོངས་ཀྱི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཁྲི་63དང་ཞིང་འཕྲུལ་གཏོང་མཁན་ཁྲི་180ཡིས་དབྱར་བསྡུ་དབྱར་འདེབས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། དེའི་ཁྲོད་ས་ཁོངས་ལས་བརྒལ་བའི་ལས་དོན་ལ་ཞུགས་པའི་ཁ་ཞེང་ཆེ་ཞིང་ནུས་ཆེའི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་གྲངས་70%ལྷག་ཙམ་ཟིན་པས་འཕྲུལ་བསྡུའི་ལས་ཆོད་ཆེ་རུ་སོང་ཡོད། ཞིང་འཕྲུལ་སྡེ་ཚན་གྱིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་དང་ལྷག་དོན་དུ་ལག་ཐོགས་ཁ་པར་གྱི་APPགང་ལེགས་སྤྱད་དེ་ཞབས་ཞུའི་མཁོ་སྤྲོད་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ་དང་འཕྲུལ་འཁོར་གཏོང་མཁན་གྱིས་ལས་ཀ་འཚོལ་བ་དང་ཞིང་པས་བརྔ་བསྡུ་འཕྲུལ་འཁོར་འཚོལ་རྒྱུར་སྟབས་བདེ་བསྐྲུན་ཡོད། རྒྱལ་ཡོངས་སུ་ཉིན་ལྔ་བསྟུད་མར་དགུན་གྲོ་ཉིན་རེའི་འཕྲུལ་བསྡུ་རྒྱ་ཁྱོན་མུའུ་ཁྲི་2000ལྷག་ཙམ་དང་། མ་རྨོས་ལོ་ཏོག་ཉིན་རེའི་འཕྲུལ་འདེབས་རྒྱ་ཁྱོན་མུའུ་ཁྲི་1000 ཉིན་རེའི་འཕྲུལ་བསྡུའི་རྒྱ་ཁྱོན་ཆེ་ཤོས་མུའུ་ཁྲི་2751བཅས་ཟིན་ནས་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གྲོ་འཕྲུལ་བསྡུ་བྱེད་ཚད་ལ་སྤྱད་པའི་དུས་ཚོད་ན་ནིང་གི་དུས་མཚུངས་ལས་ཉིན་གཅིག་ནས་གཉིས་བར་ཐུང་དུ་ཕྱིན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།