འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ངོགས་གཉིས་ཀྱི་དད་ལྡན་མང་ཚོགས་ཀྱིས་ཀྲེང་ཁྲེང་ཀུང་ལ་མཉམ་དུ་མཆོད་འབུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་25ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་2018ལོའི་མཚོ་འགག་ངོགས་གཉིས་ཀྱི་ཀྲེང་ཁྲེང་ཀུང་རིག་གནས་དུས་ཆེན་སྐབས་བཅུ་པའི་ཞ་མོན་དུ་འགོ་ཚུགས་པ་རེད། མཚོ་འགག་ངོགས་གཉིས་དང་། རི་པིན། མ་ལེ་ཞི་ཡ་བཅས་ནས་ཡོང་བའི་དད་ལྡན་མང་ཚོགས་300ཙམ་ཞ་མོན་སི་མིང་དུ་འཛོམས་ཏེ་ཀྲེང་ཁྲེང་ཀུང་ལ་མཆོད་འབུལ་བྱས་པ་རེད།
           རིག་གནས་དུས་ཆེན་གྱི་ལྟད་མོ་གཙོ་བོའི་ངོས་ནས་ཀྲེང་ཁྲེང་ཀུང་རིག་གནས་དུས་ཆེན་གྱི་འགོ་འཛུགས་མཛད་སྒོ་ཚེས་23ཉིན་གྱི་སྔ་དྲོ་སི་མིང་ཆུས་ཡན་ཕིང་ཇུན་ཝང་མཆོད་ཁང་དུ་གཉེར་བ་རེད།
           མཛད་སྒོ་ཆེ་མོའི་ཐོག་ཐའེ་དབན་གྱི་ས་གནས་ཁག་ནས་ཡོང་བའི་ཀྲེང་ཁྲེང་ཀུང་ལ་མཆོད་པ་འབུལ་མཁན་གྱི་དད་ལྡན་མང་ཚོགས་དང་ཞ་མོན་གྱི་ལས་རིགས་ཁག་གིས་མཉམ་དུ་ཀྲེང་ཁྲེང་ཀུང་ལ་མཆོད་པ་ཕུལ་བ་དང་ཆབས་ཅིག་མཛད་སྒོ་གཉེར་རྗེས་ཇ་ཚོགས་འཚོགས་ཏེ་མཆོད་རྫས་མཉམ་སྤྱོད་དང་སྟོན་མོ་བཤམས་ནས་རྒན་རྒོན་ལ་བརྩི་བཀུར་དང་། ཕ་མར་བསྙེན་བཀུར། སྤུན་མཆེད་འཆམ་མཐུན་བཅས་ཀྱི་མི་ཆོས་རིན་ཐང་དར་སྤེལ་བཏང་བ་རེད།
           ཐའེ་དབན་ཀྲང་ཧྭ་གོ་ཕོ་བྲང་གི་ཀྲུའུ་རེན་ཨུ་ཡོན་ལིང་ཧྲི་ཐན་ཞ་མོན་དུ་མཆོད་འབུལ་བྱེད་སྒོར་ཞུགས་ཐེངས་ཐོག་མ་ཡིན་པ་རེད། མཆོད་འབུལ་བྱེད་སྒོ་དང་འཁྲབ་སྟོན་ཚང་མར་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད།
           ཐའེ་དབན་ཤིང་པེ་གྲོང་ཁྱེར་ཨའོ་ཏེ་ཆིང་ཨན་ཕོ་བྲང་མཆོད་འབུལ་བྱེད་སྒོར་བསྟུད་མར་ལོ་བཅུ་ཞུགས་ཤིང་། སྤྱི་ཁྱབ་ཀན་ཧྲི་ཅན་ཧྥང་རུང་གིས་ཀྲེང་ཁྲེང་ཀུང་གིས་ཧོ་ལན་གྱི་མི་སེར་སྤེལ་མཁན་མཐར་སྐྲོད་བཏང་བས་ཁོང་ནི་མི་རིགས་ཀྱི་དཔའ་བོ་ཡིན། ངོགས་གཉིས་ཀྱི་དམངས་ཚོགས་ཀྱིས་མཉམ་དུ་མཆོད་འབུལ་བྱེད་པ་ནི་རིག་གནས་རྒྱུན་འཛིན་བྱས་པ་ཞིག་ཡིན་ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།