འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཀྲོའུ་ཡིས"ཁྲིད་སྟོན"བཟོས་ནས་ཁྱད་ལྡན་གྲོང་གསེབ་ཀྱི་རྣམ་པ་གཏོད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀོང་ཀྲོའུ་གྲོང་ཁྱེར་རྒྱལ་ཁབ་ས་ཆ་འཆར་འགོད་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རྒྱང་དུ་རི་མཐོང་བ་དང་། ཆུ་མོ་རྒྱུག་པ་མཐོང་བ། ཕ་ཡུལ་གྱི་རྣམ་པ་བློ་ལ་ངེས་པ་བཅས་ཀྱི་ཁྱད་ལྡན་གྲོང་གསེབ་ཀྱི་རྣམ་པ་གཏོད་ཆེད་འཆར་འགོད་ཨུ་ལྷན་གྱིས་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་སོགས་གཞི་རྟེན་དུ་བྱས་ཏེ་《ཀོང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཚོའི་རྣམ་པ་ལེགས་གཏོང་དང་སྒྱུར་བཀོད་ཇུས་འགོད་ཕྲན་བུ་བྱེད་ཕྱོགས་ཁྲིད་སྟོན་》བཟོས་ནས་པར་རིས་དང་ཡི་གེ་ཕུན་སུམ་ཚོགས་པ་དང་གོ་བདེ་ཤེས་སླའི་བྱེད་སྟངས་བརྒྱུད་གྲོང་གསེབ་ས་ཁུལ་གྱི་འཛུགས་སྐྲུན་བྱེད་སྒོར་མཛུབ་ཁྲིད་བྱ་རྒྱུ་རེད།
          《ཁྲིད་སྟོན་》ནང་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་རྣམ་པ་རིགས་བཞི་རུ་འབྱེད་རྒྱུ་སྟེ། རི་ནགས་ཞིང་གསུམ་གྱི་སྣོད་བཅུད་རྣམ་པ་དང་། རི་བོ་ཝུའུ་ལིང་ལྷོ་རྒྱུད་ཀྱི་ཆུ་གྲོང་རྣམ་པ། ལོ་རྒྱུས་སྐྲུན་དངོས་གཅིག་སྡུད་ཀྱི་རྣམ་པ། སྤྱིར་བཏང་གི་གྲོང་གསེབ་རྣམ་པ་བཅས་རེད། དེའི་རྨང་གཞིའི་ཐོག་གྲོང་གསེབ་ཀྱི་རྣམ་པ་འབུར་དུ་ཐོན་རྒྱུ་རྩ་དོན་དུ་བྱས་ཏེ་གྲོང་གསེབ་རྣམ་པ་ལེགས་གཏོང་གི་སྲོག་ཤིང་ཚོད་འཛིན་རྒྱུ་རྐྱེན་ཆེན་པོ་བདུན་སྟེ་ཞིང་ཁ་དང་། ནགས་ར། ཆུ་མོ། སྐྲུན་དངོས། ས་ཚིགས། ལམ་བུ། ལྡུམ་ར་བཅས་ཡིན་པ་དང་འབྲེལ། སྲོག་ཤིང་ཚོད་འཛིན་རྒྱུ་རྐྱེན་ཆེན་པོ་བདུན་བརྒྱུད་རྣམ་པ་ཚོད་འཛིན་གྱི་བླང་བྱ་ཞིབ་ཚགས་སུ་བཏང་ཡོད། དཔེར་ན། གྲོང་ཚོའི་ཁང་སྟེང་ཇི་ལྟར་བྱས་ནས་བསྐྲུན་དགོས་པའི་ཐད་《ཁྲིད་སྟོན་》ནང་བླང་བྱ་ཞིབ་ཕྲ་བཏོན་པ་སྟེ། ཁང་སྟེང་འཛུགས་སྐྲུན་བྱེད་སྐབས་རང་བྱུང་གི་ཁོར་ཡུག་དང་སྲོལ་རྒྱུན་གྱི་འཛུགས་སྐྲུན་བྱེད་སྟངས་ཟུང་འབྲེལ་བྱེད་པ་དང་། གྲོང་ཚོའི་ནང་གི་ཁོད་སྙོམས་ཁང་སྟེང་དེ་འོས་འཚམ་ངང་གྱེན་ཐུར་ཁང་སྟེང་དུ་སྒྱུར་བཀོད་བྱས་ན། ཚ་དུབ་འགོག་ཐུབ་ལ་ཆུ་འབུད་ཐུབ་པ་མ་ཟད། སྲོལ་རྒྱུན་གྱི་རྣམ་པ་དང་མཐུན་ཐུབ། འོན་ཀྱང་གྱེན་ཐུར་གཟར་དྲགས་ན་ཡོ་རོབ་རྣམ་པའི་རྩེ་རིང་ཁང་སྟེང་ལྟ་བུར་འགྱུར་སྲིད།
          《ཁྲིད་སྟོན་》ནང་སླད་ཕྱིན་གྲོང་མིས་སྡོད་ཁང་སྐྲུན་སྐབས་《གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་ཆོག་འཐུས་ལག་ཁྱེར་》གཉེར་དགོས། འཆར་འགོད་སྡེ་ཚན་གྱིས་གྲོང་ཚོའི་འཆར་འགོད་དང་། ལོ་རྒྱུས་རིག་གནས་ཀྱི་གནའ་གྲོང་། གྲགས་ཅན་གྲོང་ཚོ་སྲུང་སྐྱོང་འཆར་འགོད་དང་གྲོང་ཚོའི་རྣམ་པ་ཇུས་འགོད་ཀྱི་མཛུབ་ཁྲིད་སོགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་ཁ་གསལ་ཡང་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།