འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་འབལ་རྫོང་གི་ས་མཐོའི་བྱེས་བགྲོད་འགྲན་སློང་འགྲན་བསྡུར་ཟླ་6པར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་17པ་དང་སྐབས་གཉིས་པའི་དམངས་ཡོངས་ལུས་སྦྱོང་འགྲན་ཚོགས་ཀྱི་བྱེས་བགྲོད་འགྲན་བསྡུར་དང་། དེ་བཞིན་2018ལོའི་མཚོ་སྔོན་འབལ་རྫོང“རྫོང་རི་བུམ་པའི”ས་མཐོའི་བྱེས་བགྲོད་འགྲན་སློང་འགྲན་བསྡུར་ཟླ་6ཚེས་10ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབལ་རྫོང་འབལ་ལུང་ཤང་རབ་མགོ་གྲོང་ཚོ་ནས་འགོ་བརྩམ་རྒྱུ་ཡིན་པ་དང་། མིག་སྔར་རྒྱལ་ཡོངས་ས་ཆ་ཁག་གི་བདམས་ཐོན་པ་1000ལྷག་གིས་མིང་ཐོ་བཀོད་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཅིན་ལི་ན་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཆེད་ལས་བདམས་ཐོན་པ་དང་ལས་ཞོར་བདམས་ཐོན་པའི་འགྲན་ཞུགས་ཀྱི་དགོས་མཁོ་སྐོང་ཆེད། འགྲན་བསྡུར་ཆེན་པོར་སྤྱི་ལེ་50ཡི་ཆེད་ལས་ཚོགས་ཆུང་དང་། སྤྱི་ལེ་35ཡི་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཚོགས་ཆུང་། སྤྱི་ལེ་8ཀྱི་མང་ཚོགས་ལུས་སྦྱོང་བཅས་ཚོགས་ཆུང་གསུམ་བཙུགས་ཤིང་། བྱེས་བགྲོད་འགྲན་རྒྱུག་ལ་དགའ་པོ་བྱེད་མཁན་ཚོས་སོ་སོའི་ཆ་རྐྱེན་དང་དགོས་མཁོ་གཞིར་བཟུང་རང་མོས་གདམ་ག་བྱ་ཆོག
          འབལ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3660ཟིན་པ་དང་། འགྲན་བསྡུར་གྱི་བདེ་འཇགས་འགན་སྲུང་བྱ་ཆེད་འགྲན་རིམ་ཧྲིལ་པོར་སྨན་བཅོས་སྐྱོབ་སྲུང་ས་ཚིགས་4དང་གསབ་སྤྲོད་ས་ཚིགས་7བཙུགས་ཏེ་ཆེད་ལས་སྨན་བཅོས་རུ་ཁག་དང་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་གིས་བརྒྱུད་རིམ་ཧྲིལ་པོར་སྐྱོབ་སྲུང་བྱ་རྒྱུ་དང་། གཏན་འཁེལ་སྨན་ཁང་གིས“ཐོགས་མེད་སྐྱོབ་སྲུང་བགྲོད་ལམ”བཏོད་ནས་ཞབས་ཞུ་འཐུས་ཚང་ལ་བརྟེན་ཏེ་འགྲན་ཞུགས་བདམས་ཐོན་པ་ཡོངས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་པ་རེད།
          ད་རེས་ཀྱི་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཀྲོའུ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་འབལ་རྫོང་མི་དམངས་སྲིད་གཞུང་སོགས་ཚན་པས་སྒྲུབ་འགན་འཁུར་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།