འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཇོ་མོ་གླང་མའི་ཤར་ངོས་སུ་རྐང་ཐང་མར་འགྲོ་བ་སོགས་ཡུལ་སྐོར་ལམ་ཐིག་གསར་པ་7བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 12:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཇོ་མོ་གླང་མའི་ཤར་ངོས་སུ་རྐང་ཐང་མར་འགྲོ་བ་དང་། ཀླུ་ནང་ཡག་ཡུལ་དུ་སྡོད་པ། བྲག་གསུམ་མཚོ་སྐོར། ཁྲོན་བོད་ལྷོ་བྱང་ལམ་ཐིག་འབྲེལ་མཐུད། ཇོ་མོ་གངས་དཀར་དུ་སྒར་འདེབས་པ། མཚུར་ཕུ་དགོན་དུ་རྐང་ཐང་མར་འགྲོ་བ། སྟོད་ལུང་གཙང་པོ་སོགས་ཆུ་རྒྱུན་དུ་འཕྱོ་གཡེང་དུ་འགྲོ་བ་བཅས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཉེ་ཆར་ཡུལ་སྐོར་ལམ་ཐིག་གསར་པ་7གཏན་འཁེལ་བྱས་ནས། བོད་ཀྱི་ཡུལ་སྐོར་རྩེ་གྲ་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
          བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས། “འཛམ་གླིང་གི་སྣེ་གསུམ་པ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཏུ་འབོད་པའི་བོད་ནི་ཆུ་ཀླུང་མང་པོའི་འབྱུང་ཁུངས་རེད། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁར་མཚོ་བོད་ས་མཐོའི་རི་རྒྱུད་ཆེ་གྲས་བདུན་ལས་བོད་རང་སྐྱོང་ལྗོངས་སུ་འཛམ་གླིང་དུ་འགྲན་ཟླ་མེད་པའི་ཡུལ་སྐོར་ཐོན་ཁུངས་ལྡན་ཡོད། ཡུལ་སྐོར་བའི་ཡུལ་སྐོར་ཐོན་ཟོག་ཉོ་བའི་དགོས་མཁོ་སྔར་བས་སྐོང་བ་དང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེ་བཞིན་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་དངོས་དང་བསྟུན་ཆེད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་གཏན་འཁེལ་ཐོན་ཟོག་མཐོ་འབྲིང་དེ་སླད་ཕྱིན་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་གཏན་འཁེལ་བྱས་པ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།