འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྨན་བཅོས་ཤེས་ལྡན་པའི"ཚོགས་སྒྲིག་རྣམ་པའི"བོད་སྐྱོར་ནང་སྨན་པ་519
    བོད་ལྗོངས་སུ་རོགས་སྐྱོར་བྱེད་པར་མངགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་05ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་གསར་འགོད་པར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་གསུམ་རིང་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྨན་བཅོས་རིགས་གཅིག་མཁས་ཅན་519ལས་གྲུབ་པའི་ཚོགས་སྒྲིག་བོད་སྐྱོར་རུ་ཁག་མངགས་ཡོད། རོགས་སྐྱོར་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་དུ་གྱུར་ཏེ“ནད་ཆེན”332རང་སྐྱོང་ལྗོངས་ནང་ཁུལ་དུ་སྨན་བཅོས་ཐུབ་པ་དང“ནད་འབྲིང”1914ས་ཁུལ་དང་གྲོང་ཁྱེར་ནང་སྨན་བཅོས་ཐུབ་ཀྱི་ཡོད་པ་རེད།
         ལོ་རྒྱུས་དང་རང་བྱུང་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་ཕོག་པས་བོད་ཀྱི་སྨན་བཅོས་ཆུ་ཚད་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་ཞིང་། ཀྲུང་དབྱང་རྩ་འཛུགས་པུའི་གཅིག་གྱུར་སྒྲིག་འཛུགས་དང་མཐུན་སྦྱོར་འོག་པེ་ཅིང་ཞེ་ཧོ་སྨན་ཁང་དང་པེ་ཅིང་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་དང་དེ་བཞིན་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཨན་ཧུའེ། ཁྲུང་ཆིང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གིས་སྨན་བཅོས་རིགས་གཅིག་མཁས་ཅན་བརྒྱ་ཙམ་འདེམས་མངགས་བྱས་ཏེ་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་བསྒྲུབས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་ལ་ཁ་གཏད་བོད་སྐྱོར་བྱས་ཡོད་པ་རེད།
         ད་ཆ་རོགས་སྐྱོར་བྱ་ཡུལ་སྨན་ཁང་8ཕུད་རྫོང་རིམ་པའི་མི་དམངས་སྨན་ཁང་དང་། འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། སྨན་རྩིས་ཁང་སོགས་ཚུད་པའི་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི་86ཡང་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ནས་ནང་སའི་རིམ་པ་གསུམ་པའི་སྨན་ཁང་85ཡིས་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱི་རོགས་རམ་དང་སྣེ་ཁྲིད་བརྒྱུད་བོད་ཀྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་སྨན་པ་120ཡིས་རང་རྐྱ་འཕེར་བའི་སྒོ་ནས་གཤགས་བཅོས་གསར་པ་གཅིག་ནས་གཉིས་བར་བྱེད་ཐུབ་ཀྱི་ཡོད།
         “བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ཞིང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན། ཆུས་དང་རྫོང་རིམ་པ་དང་དེ་མན་གྱི་སྨན་བཅོས་སྒྲིག་གཞི་གོང་འཕེལ་ཡག་པོ་གཏོང་རྒྱུ་དེས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ནད་གཞི་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེན་གྱིས་ཚོགས་འདུའི་ཐོག་བརྗོད་ཅིང་། ཁོང་གིས་གོམ་སྟབས་རྗེས་མར་སྨན་བཅོས་བོད་སྐྱོར་ལས་དོན་གྱི་རིག་ཚན་དང་། ལག་རྩལ། དོ་དམ། ཐོན་ཁུངས་སོགས་ཐད་ཀྱི་ཉམས་མྱོང་སྤེལ་རྒྱུར་སྐུལ་མ་བཏང་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་སྒྲིག་གཞིར་ལས་དོན་སྤེལ་རྒྱུ་རེད། ཨན་ཧུའེ་ཞིང་ཆེན་གྱིས“ཚོགས་སྒྲིག་རྣམ་པའི”བྱེད་སྟངས་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་ཀོང་ཏུང་ཞིང་ཆེན་གྱི་རོགས་སྐྱོར་སྨན་ཁང་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་ཁང་དང་སྨན་ཁང་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་དཔྱད་གཞིར་འཛིན་རིན་ཡོད་ཅེས་བརྗོད་པ་རེད།
         ཧྲང་ཧའེ་བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲང་ཧའོ་ཡིས“ང་ཚོས་ནད་སྡོད་སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ནས་དེའི་ནུས་པ་གཞི་རིམ་གྱི་སྨན་ཁང་ཁག་ཏུ་ཁྱབ་པ་བྱ་རྒྱུ་དང་། ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་བོད་ས་གནས་ཀྱི་འཕེལ་རྒྱས་དགོས་མཁོ་དང་འཚམ་པའི་རིག་ནུས་སྨན་ཁང་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱས་ནས་གཞིས་རྩེར་མི་དམངས་སྨན་ཁང་གིས་སྣེ་འདྲེན་དུ་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་ཆུས་དང་རྫོང་ལ་སྣེ་ཁྲིད་བྱེད་པ། ཉེ་འཁོར་ས་ཁུལ་ལ་ཁྱབ་འགྱེད་ཐུབ་པའི་སྨན་ཁང་མཉམ་འབྲེལ་གྱི་སྒྲིག་གཞི་གསར་པ་ཞིག་གཏོད་རྒྱུ་རེད”ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།