འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འདམ་གཞུང་གི"ཐོབ་ཐང་ལག་ཁྱེར་ཡོད་པའི"ཚགས་ཤ་ཁྲོམ་རར་བྲིན་ཁ་རྒྱུག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་འདམ་གཞུང་ས་གཙང་ཀུང་སིའི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་དངོས་སུ་འཚོང་འགོ་ཚུགས་ཤིང་། ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད། འདི་ནི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་ལྗོངས་ནང་ཁུལ་དུ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་ཐེངས་དང་པོ་རེད་ལ། འདམ་གཞུང་ས་གཙང་ཀུང་སིས་སྣ་མང་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱེད་པའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད།
          ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད། སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལ་དམིགས་པ་དང་། བློ་བརྟན་འགྱུར་མེད་ངང“གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་སྟོབས་ཆེར་གཏོང་བ། བྱེད་སྟངས་སྒྱུར་བ། གསོན་ཤུགས་འཕེལ་བ། སྣོད་བཅུད་འགན་ལེན། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། “རྩེར་སོན་གྱི་ལམ་བུར་སྐྱོད་པ་དང་། ཁྲོམ་ར་རྒྱ་སྐྱེད། སྤུས་རྟགས་གཏོད་པ། ཕན་འབྲས་ཆེ་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་པ་བཅས་བྱས་ཏེ་འདམ་གཞུང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་བཏོན་པ་དང་། ཕྱོགས་སྒྱུར་རིམ་སྤོར་དང་ལྗང་མདོག་འཕེལ་རྒྱས་ཀྱི་འབྲི་གཡག་དཔལ་འབྱོར་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཁྱོན་ཡོངས་ནས་བཏོད་པ་རེད།
          འདམ་གཞུང་གི་ཚགས་ཤ་ལྷད་མེད་དང་། ལྗང་མདོག སྤུས་ལེགས། བྲོ་བ་ཞིམ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། འདམ་གཞུང་གི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་དཔལ་འབྱོར་ཕན་འབྲས་སྔར་བས་འདོན་སྤེལ་བྱ་ཆེད། འདམ་གཞུང་རྫོང་གིས་འདམ་གཞུང་གི་ཚགས་ཤ་དེ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཀྱི་ཐོན་རྫས་སུ་བདེ་བླག་ངང་ཐོ་བཀོད་པ་དང་། “SC”བདེན་དཔང་ར་སྤྲོད་ཐོབ་ཡོད། འདམ་གཞུང་རྫོང་ས་གཙང་འབྲི་གཡག་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་ཞིབ་ཚགས་གཅོད་འབྲེག་བྱེད་སྟངས་སྤྱད་ནས་ཤ་མ་རུས་གཙོ་བོར་བྱས་པའི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤའི་ཐོན་རྫས་རིགས་21ཞིབ་བཟོ་བྱས་པ་དང་། ཁྲེང་ཏུའུ་དང་། ཐེན་ཅིན། ཧྲང་ཧའེ་སོགས་སུ་ཚོང་ཁང་ཨ་མ་བཙུགས་པ་དང་རིམ་པ་དང་པོའི་ཚབ་ཚོང་ཚོང་པ་བཀོད་སྒྲིག་བྱས་ཡོད། གོམ་སྟབས་རྗེས་མར་པེ་ཅིང་དང་ཅང་སུའུ་སོགས་རིམ་པ་དང་པོ་དང་གཉིས་པའི་གྲོང་ཁྱེར་དུ་ཚགས་ཤའི་ཚོང་ཁང་འཛུགས་རྩིས་ཡོད་པ་རེད།
          འདམ་གཞུང་རྫོང་གིས་ཁྲོམ་རར་ཁྱབ་གདལ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ“དྲ་སྦྲེལ་+ཀུང་སི+རྟེན་གཞི+འཛད་སྤྱོད་པའི”རྣམ་པ་སྤྱད་ནས་དྲ་ཕྱིའི་མྱོང་རོལ་དང་དྲ་ཐོག་ཕྱིར་ཚོང་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། མིག་སྔར་འདམ་གཞུང་ས་གཙང་ཀུང་སིས“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་ཐའོ་པའོ་དང་སྐད་འཕྲིན་ཚོང་གྲོང་གི་ཕྱིར་ཚོང་ཚོང་ཁང་ནས་འཚོང་བཞིན་ཡོད་ལ་ཚོང་ཡང་བྲིན་ཁ་རྒྱུག་པོ་ཡོད། གཟའ་འཁོར་གསུམ་རིང་དྲ་ཐོག་གི་ཕྱིར་ཚོང་རིན་ཐང་སྒོར་ཁྲི་11ལྷག་ཙམ་ཟིན་པ་དང་། ཅིང་ཏུང་དང་ཐན་མའོ་སོགས་དྲ་ཐོག་ཚོང་ཁང་ཡང་དུས་ཚོད་དམ་འཛིན་གྱིས་འཛུགས་བཞིན་ཡོད་པས། སྐབས་དེ་དུས་རྒྱ་ཆེའི་འཛད་སྤྱོད་པ་དང་གྲོགས་པོ་ཚོར་སྟབས་བདེ་བསྐྲུན་རྒྱུ་རེད།
         ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས། ཚགས་ཤ་ཚོང་ཁང་གིས“སྤུས་ཀ་ལེགས་པ་དང་འཛད་སྤྱོད་པ་གོང་བཀུར”གྱི་ཁྲོམ་རའི་ཞབས་ཞུའི་འདུ་ཤེས་བཟུང་ནས་ལྷད་མེད་དང་སྤྱི་གནོད་མེད་པའི་ལྗང་མདོག་བཟའ་བཅའ་ཐོན་སྐྱེད་བྱེད་པ་དང་། འདམ་གཞུང་ས་གཙང་ཀུང་སིའི“ཐོབ་ཐང་ལག་ཁྱེར་ཡོད་པའི”ཚགས་ཤ་འདི་ཉིད་ལྗོངས་ནང་ཁུལ་དུ་ཤུགས་རྐྱེན་ཡོད་པའི་སྤུས་རྟགས་ཤིག་ཏུ་བློ་གཅིག་སེམས་གཅིག་གིས་བཏོད་དེ་ལྗོངས་ཕྱི་ནང་གི་ཁྲོམ་རར་སྤུས་ཀ་ལེགས་པའི་ཚགས་ཤ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།