འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་སྣོད་བཅུད་སྤྱི་གླིང་དུ"སྤྲོ་སྣང་དོད་པའི་ཞབས་བྲོ"འཁྲབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལྷ་སའི་སྣོད་བཅུད་སྤྱི་གླིང་དུ'སྤྲོ་སྣང་དོད་པའི་ཞབས་བྲོ'འཁྲབ་པ།
           མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་སས་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་ཧུར་ཐག་བཏོད་དེ“ཤིང་སྣ་རི་འདེབས་དང་། གཙང་ཆུ་མཚོ་སྐྱིལ” “སྔོ་ལྗང་གིས་གྲོང་ཁྱེར་བསྐོར་བ”བཅས་ཀྱི་ལས་དོན་ལ་སྐུལ་མ་ཤུགས་ཆེན་བཏང་བའི་ཁར་སྐྱ་ཐེར་སྔོ་འགྱུར་དང་བར་མཚམས་མེད་པར་ཤིང་འཛུགས་བྱས་ནས་སྔོ་ལྗང་གིས་ཁེངས་ཤིང་སྔོ་ཐིང་ངེར་གྱུར་པའི་སྣོད་བཅུད་གྲོང་ཁྱེར་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་པས། ད་ཆ་ལྷ་ས་གྲོང་ཁུལ་དུ་སྡོད་པའི་མི་རྣམས་ལ་ཐག་ཉེ་སར་འགྲོ་སའི་སྤྱི་གླིང་ངམ་ནེའུ་གསིང་ཡོད་པས་བག་ཕེབས་ངང་ལུས་སྦྱོང་བྱ་རྒྱུ་བྱུང་ཡོད། གྲོང་ཁྱེར་གྱི་རྣམ་པ་གསར་པར་གྱུར་ནས་གང་སར་སྤྱི་གླིང་དང་ནེའུ་གསིང་མཐོང་རྒྱུ་ཡོད་པར་བརྟེན་གྲོང་མིའི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། གོང་གི་པར་རིས་ནི་ཉེ་ཆར་གྲོང་མིས་རྫོང་རྒྱབ་ཀླུ་ཁང་དུ་ཞབས་བྲོ་འཁྲབ་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།