འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་བོད་ལྗོངས་ཀྱིས་ཕྱིར་གློག་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལྷག་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན། གསར་འགོད་པར་བོད་ལྗོངས་གློག་ཤུགས་ཉོ་ཚོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོར་སྔོན་དཔག་བྱས་ན་བོད་ལྗོངས་ཀྱིས་ཕྱིར་གློག་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལྷག་གཏོང་རྩིས་ཡོད་པ་དེ་ན་ནིང་ལས་8%ཙམ་མང་དུ་སོང་ཡོད། དེ་ནི་2015ལོར་བོད་ལྗོངས་ཀྱིས་ཕྱིར་གློག་བཏང་བ་ནས་བཟུང་ཆུ་ཚོད་ཆན་ཝ་དུང་ཕྱུར་10ལས་ཐོག་མར་བརྒལ་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གློག་ཤུགས་ཉོ་ཚོང་ལྟེ་གནས་ཚད་ཡོད་ཀུང་སིས་ལོ་འཁོར་གྱི་གློག་ཉོ་ཚོང་གི་གན་རྒྱར་མིང་རྟགས་བཀོད་པ་བརྒྱུད། ཀན་སུའུ་དང་བོད་ལྗོངས་དབར་ཕན་ཚུན་གློག་གཏོང་རེས་ཀྱི་དམིགས་ཚད་ལས་འགན་ཆེ་རུ་ནུས་ལྡན་སོང་ནས་ལོ་ཧྲིལ་པོར་ཀན་སུའུ་ལ་གློག་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་6ཙམ་གཏོང་རྩིས་ཡོད་པ་མ་ཟད། ཧྲའན་ཤིས་དང་བོད་ལྗོངས་དབར་གློག་གཏོང་རེས་དང་དེ་བཞིན་ཧྭ་བྱང་དང་། ཧུའུ་པེ། ཁྲུང་ཆིང་བཅས་ལ་གློག་གཏོང་བའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་རྒྱ་བསྐྱེད་དེ་ཕྱིར་གློག་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་4ལས་བརྒལ་བ་གཏོང་རྩིས་ཡོད་པ་རེད།
          གྲངས་གཞི་ལས། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་བོད་ལྗོངས་ཀྱི་ནུས་རྒྱུ་གསར་སྤེལ་འཛུགས་སྐྲུན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། ལྷག་དོན་དུ་ནུས་རྒྱུ་གཙང་མའི་གློག་ཁུངས་འཕེལ་རྒྱས་མྱུར་པོ་བྱུང་བ་མངོན་ཡོད། 2017ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་ཆུ་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་257ཟིན་པ་དེས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་བའི་89%བཟུང་སྟེ་དུས་མཚུངས་ལས་32%འཕར་ཡོད། ཆུ་རྒྱས་པའི་དུས་གློག་སྤྱོད་ཚད་མུ་མཐུད་མང་དུ་སོང་ནས་བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བར་སྐུལ་མ་ཐེབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།