འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་མཚན་མོ་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་
    འཁོར་གཏོང་བཅས་ལ་ཞིབ་བཤེར་བྱེད་པའི་གཅིག་གྱུར་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གིས་ཆག་སྒོ་བསླངས་པའི་འགྲིམ་འགྲུལ་ལས་འཛོལ་ཐོན་མང་ཁར་དབྱར་ཁ་མང་ཚོགས་བསིལ་གྲིབ་འོག་ཏུ་སྡོད་པ་དང་དགའ་སྟོན་རོལ་རྩེད་ཀྱི་བྱེད་སྒོ་མང་དུ་ཕྱིན་པ། ལྷག་པར་དུ་འཆར་ཉེར་ཡོད་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་སྤོ་ལོར་དགའ་པོ་བྱེད་མཁན་ཚོས་ཆང་འཐུང་གྱིན་འགྲན་བསྡུར་ལ་ལྟ་བ་དང་རྟེན་འབྲེལ་བྱེད་སྒོ་མང་པོ་གཉེར་ནས་མཚན་མོ་ཆང་བཏུང་རྗེས་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མངོན་གསལ་དོད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཉེ་ཆར་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ས་གནས་ཁག་གི་སྤྱི་བདེ་དོ་དམ་སྡེ་ཚན་ལ་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་བཅས་ལ་ཞིབ་བཤེར་བྱེད་པའི་གཅིག་གྱུར་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་དགོས་པའི་བཀོད་སྒྲིག་བྱས་པ་རེད།
         བརྡ་ཐོའི་ནང་། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་བཅོས་སྒྲིག་གི་གཙོ་གནད་མངོན་གསལ་དོད་པའི་གནས་སུ་བཞག་ནས་གྲོང་ཁྱེར་དང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་ཁུལ་དང་བཟའ་བཏུང་རོལ་རྩེད་ཁང་གི་མཐའ་འཁོར་ལམ་དང་། དེ་བཞིན་ཆང་དུག་དང་འབྲེལ་བའི་ལས་འཛོལ་ཐོན་མང་བའི་ལམ་དུམ་གཙོ་གནད་ས་ཁོངས་སུ་བྱེད་པ་དང་། མཚན་མོ་དང་ལྷག་པར་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་དང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རིང་གཙོ་གནད་དུས་མཚམས་སུ་བྱས་ཏེ“3+N”གྱི་བཅོས་སྒྲིག་ལག་བསྟར་བྱས་ནས་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་གཅིག་བསྡུས་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཞིབ་བཤེར་ཐག་གཅོད་བྱས་པའི་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། དུག་འཐེན་འཁོར་གཏོང་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དུས་ཐོག་ཏུ་དྲ་སྦྲེལ་གྱི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་བརྒྱུད་དེ་ཡོངས་བསྒྲགས་བྱེད་དགོས་པ་དང་འབྲེལ། “ཡིད་རྟོན་ཀྲུང་གོའི”དྲ་བའི་ནང་བཏང་ནས་མཉམ་འབྲེལ་ཐོག་ཆད་གཅོད་བསླབ་འདོམས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་། རྒྱ་ཆེའི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ལ་གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛིན་ནན་དུ་དང་ཚད་ལྡན་དུ་བཏང་ནས་ཁྲིམས་འཛིན་ལས་སྒྲུབ་ཀྱི་སྒྲིག་ཆས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ཁྲིམས་འཛིན་ཞིབ་བཤེར་ས་ཚིགས་ཚད་ལྡན་དུ་གཏོང་བ། ཚན་རིག་དང་མཐུན་པའི་ཞིབ་བཤེར་བྱེད་པ། བདེ་འཇགས་འགོག་སྲུང་ཡག་པོ་བྱེད་པ། འགྲིམ་འགྲུལ་མི་འགག་པ་བྱེད་པ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཤི་རྨས་ཀྱི་ལས་འཛོལ་མི་ལྷག་པ་བཅས་བྱེད་དགོས། གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བ་དང་གཏུམ་སྤྱོད་ཀྱི་ཁྲིམས་འགོག་གྱོད་གཞིར་ཁྲིམས་ལྟར་དང་། ཚད་ལྡན། མགྱོགས་མྱུར་བཅས་ཀྱི་སྒོ་ནས་ཐག་གཅོད་བྱས་ཏེ་རྡུང་རྡེག་ནན་པོ་གཏོང་དགོས། ཁྲིམས་འཛིན་བརྒྱུད་རིམ་ནང་ཁྲིམས་སྐྱོང་སློབ་གསོ་ཧུར་ཐག་བཏང་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།