འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཆུ་གྲོན་ཆུང་ཐུབ་པའི་གྲོའི་རིགས་གསར་པ་ཁག་གཅིག་འདེབས་འཛུགས་ཁྱབ་
    གདལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་ཀྱི་སོན་བཟང་གྲོའི་ཚན་ཞིབ་གལ་ཆེན་གྱི་མཉམ་འབྲེལ་འགག་སྒྲོལ་ལ་སྐུལ་འདེད་དང་ཧྭ་བྱང་གྲོ་འདེབས་ཁུལ་གྱི་ཆུ་གྲོན་ཆུང་གྲོ་རིགས་ཀྱི་ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུ་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་སོན་བཟང་གྲོའི་ཚན་ཞིབ་གལ་ཆེན་གྱི་མཉམ་འབྲེལ་འགག་སྒྲོལ་ལས་དོན་སྤེལ་ཚུན་ཆ་སྙོམས་ཆུ་གྲོན་ཆུང་30%ལྷག་ཐུབ་པའི་གྲོ་རིགས་གསར་པ་ཁག་གཅིག་འདེབས་འཛུགས་ཁྱབ་གདལ་བཏང་བར་གྲོའི་ཐོན་འབབ་ཡག་པོ་ཡོད་པ་མ་ཟད། ཧྭ་བྱང་ཆུ་སིམ་ཁུལ་གྱི་ས་འོག་གི་ཆུ་ཚད་ལས་བརྒལ་ནས་བཏོན་པའི་དཀའ་གནད་ལས་སྒྲོལ་ཐུབ་པ་བྱུང་ཡོད།
         ཧྭ་བྱང་ས་འོག་གི་ཆུ་སིམ་ཁུལ་ལ་ཆུ་དཀོན་པ་དང་རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་ལྷོ་ཕྱོགས་སུ་སྙེ་དམར་བཙའ་ནད་ཀྱི་གནོད་ཚབས་ཇེ་ཆེར་འགྲོ་བའི་གནད་དོན་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་སོན་བཟང་གྲོའི་ཚན་ཞིབ་གལ་ཆེན་གྱི་མཉམ་འབྲེལ་འགག་སྒྲོལ་ཚོགས་ཆུང་གིས་ཆུ་གྲོན་ཆུང་དང་སྙེ་དམར་བཙའ་ནད་འགོག་ཐུབ་རིགས་ལ་མུ་མཐུད་གསལ་འབྱེད་དང་འདེམས་གསོ་བྱས་ནས་ཧྲི་ཅ་ཀྲོང་གི་གྲོ་15དང་22 དང་། ཧེང་ཀོན་གྱི་གྲོ་35སོགས་ཆུ་གྲོན་ཆུང་ཐུབ་པའི་གྲོ་རིགས་སྣེ་ཁ་7དང་ཧྲའན་ཤིས་ཀྱི་གྲོ་511 ཀྲེན་ཀྲོའུ་ཡི་གྲོ་9023 ཉིང་པོའི་གྲོ་26སོགས་ཡོད།
         ཆུ་གྲོན་ཆུང་ཐུབ་པའི་གྲོ་རིགས་དེ་དག་བཞའ་ཚན་ཆེ་བའི་ཞིང་སར་འདེབས་པ་དང་དཔྱིད་ཀར་ཆུ་ཐེངས་གཅིག་ལས་གཏོང་མི་དགོས་པར་མུའུ་རེ་ནས་གྲོ་རྒྱ་མ་1000ཡན་ཐོན་གྱི་ཡོད། སྙེ་དམར་བཙའ་ནད་འགོག་པའི་ནུས་པ་ཡག་པོ་ཡོད་པའི་གནོད་མེད་གྲོ་རིགས་དེ་དག་བཏབ་པ་ལས་སྙེ་དམར་བཙའ་ནད་ཀྱི་གནོད་པ་ནུས་ལྡན་ངང་ཚོད་འཛིན་དང་ཉུང་དུ་གཏོང་ཐུབ་པར་བརྟེན་གྲོ་རིགས་གསར་པ་དེ་དག་འདེབས་འཛུགས་ཁྱབ་གདལ་བཏང་བ་དེ་ཐོག་ནས་རང་རྒྱལ་གྱི་གྲོ་འདེབས་འཛུགས་ཞིབ་འཇུག་ཐད་ཐོན་འབབ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་རྨང་གཞི་རྒྱུན་འཁྱོངས་བྱས་ཁར་ཐོན་འབབ་མཐོ་བའི་གནོད་མེད་དང་སྤུས་ལེགས་གཉིས་ཀ་ལྡན་པའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་མཚོན་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།