འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིབ་མཆན་ཞབས་ཞུ་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་བཀོད་
    སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཞིབ་མཆན་ཞབས་ཞུ་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》པར་འགྲེམས་བྱས་ནས་ཞིབ་མཆན་ཞབས་ཞུ་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
         བསམ་འཆར་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུའི་སྒྱུར་བཅོས་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས“མང་ཤོས་ལའང་ཐེངས་གཅིག་ལས་སྐྱོད་མི་དགོས་པ”དང“འཕྲལ་མར་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ” “ཐམ་ག་གཅིག་གིས་ཞིབ་མཆན་གྱི་གོ་ཆོད་པ”སོགས་སྤྱོད་གོ་ཆོད་པའི་བྱེད་ཐབས་འཚོལ་ཞིབ་བྱས་པས་ཁེ་ལས་དང་མང་ཚོགས་ལ་བྱ་གཞག་སྒྲུབ་པ་དང་ལས་གཏོད་ཐད་སྟབས་བདེ་སྐྲུན་པ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་ནུས་ལྡན་གཏོང་བ། སྲིད་གཞུང་གི་འགན་ནུས་དང་ལས་ཀའི་སྤྱོད་ཚུལ་བསྒྱུར་མགྱོགས་སུ་གཏོང་བ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ལུགས་བསྟན་ཡོད།
         བསམ་འཆར་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་དུ་བྱེད་པ་དང་ཁེ་ལས་དང་མང་ཚོགས་བྱ་གཞག་སྒྲུབ་པ་དང་ལས་གཏོད་ཐད་སྟབས་བདེ་བསྐྲུན་རྒྱུར་ཁྲིད་སྟོན་ལེགས་ལ་མྱུར་བ་བྱེད་དགོས་པ་དང་ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཕྱོགས་པ་དང་རེ་ཞུ་གཞིར་བཟུང་ལག་བསྟར་བྱས་པའི་སྲིད་འཛིན་ཞིབ་མཆན་དང་སྤྱི་པའི་ཞབས་ཞུའི་དོན་ཚན་ལ་དམིགས་ནས་ཞིབ་མཆན་ཞབས་ཞུའི་འདུ་ཤེས་དང་། ལམ་ལུགས། སྤྱོད་ཚུལ་བཅས་ཕྱོགས་ཡོངས་དང་གཏིང་ཟབ་པོས་གསར་བསྒྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         བསམ་འཆར་ནང་ས་གནས་ཀྱི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཕྱོགས་བསྡུས་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་བརྒྱད་ཐད་ནས་སྒྱུར་བཅོས་ཀྱི་ལས་འགན་དང་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།