འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རང་ཚུགས་རབས་གསུམ་པའི་ཉིང་རྡུལ་གློག་ཁང“ཧྭ་ལུང་ཨང་དང་པོའི”
    དཔེ་སྟོན་རྣམ་གྲངས་ཀྱི་ལྕགས་ཐོག་བཀབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཀོང་ཀྲོའུ་ཉིང་རྡུལ་གློག་ཁང་ཚོགས་པས་ཚེས་23ཉིན་ཕྱི་ཕྱོགས་ལ་བརྡ་ཁྱབ་བཏང་ནས། རང་རྒྱལ་གྱི་རང་ཚུགས་རབས་གསུམ་པའི་ཉིང་རྡུལ་གློག་ཁང“ཧྭ་ལུང་ཨང་དང་པོའི”དཔེ་སྟོན་རྣམ་གྲངས་ཏེ་ཀྲུང་གོ་ཀོང་ཀྲོའུ་ཉིང་རྡུལ་གློག་ཁང་ཧྥང་ཁྲེང་ཀང་ཉིང་རྡུལ་གློག་ཁང་གི་དུས་ཐེངས་གཉིས་པའི་ལས་གྲྭའི་འཕྲུལ་ཚན་3པའི་ལྕགས་ཐོག་བཀབ་པ་དེ་ཐོག་ནས་དབྱིན་ཇིའི“ཧྭ་ལུང་ཨང་དང་པོའི”ཉིང་རྡུལ་གློག་ཁང་རྣམ་གྲངས་ཀྱི་དཔྱད་གཞིའི་གློག་ཁང་གི་ཧྥང་ཁྲེང་ཀང་འཕྲུལ་ཚན་3པ་དེ་ཨར་ལས་བཟོ་སྐྲུན་གྱི་དུས་མཚམས་ནས་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པའི་དུས་མཚམས་སུ་སླེབས་ཏེ་ལས་གྲྭ་འཛུགས་སྐྲུན་ལ་སྔར་བས་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བཏིང་པ་མཚོན་ཡོད་ཅེས་འཁོད་ཡོད་པ་རེད།
         ཀོང་ཤིས་ཧྥང་ཁྲེང་ཀང་ཉིང་རྡུལ་གློག་ཁང་ཚད་ཡོད་ཀུང་སིའི་གསར་འགྱུར་མགྲིན་ཚབ་པ་ཀུང་ཀོང་ཁྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ཐོག་འགེབས་པ་དེ་ནི་ཉིང་རྡུལ་གློག་ཁང་འཛུགས་སྐྲུན་གྱི་ལམ་ཚད་རྡོ་རིང་གི་མཚམས་ཚིག་གལ་ཆེན་ཞིག་རེད། ལྕགས་ཐོག་འགེབས་པ་དེ་ནི་ཉིང་རྡུལ་གློག་ཁང་གི་བདེ་འཇགས་ཀྱི་འཇུར་མིག་གལ་ཆེན་ཞིག་རེད་ལ། བཟོ་ཁང་ནང་གི་འཐུས་ཚང་རང་བཞིན་དང་ཁ་བཙན་པའི་རང་བཞིན་མཚོན་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།