འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་
    སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དབང་ཆ་བེད་སྤྱོད་ཚད་ལྡན་བྱེད་པ་དང་། གྱོད་གཞི་མང་བ་དང་ཐག་གཅོད་བྱེད་མི་ཉུང་བའི་འགལ་ཟླ་ཐག་གཅོད་བྱེད་པ། ཁྲིམས་འཛིན་ཤེས་ལྡན་པའི་ལས་རིགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། 2019ལོར་སླེབས་སྐབས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ཀྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ་ཁྲིམས་འཛིན་གྱི་སྤུས་ཚད་དང་། ཁྲིམས་འཛིན་གྱི་ལས་ཕྱོད། ཁྲིམས་འཛིན་ལ་སྤྱི་མོས་ཐོབ་ཚད་བཅས་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
        ཟླ་5པར་མཚོ་སྔོན་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་བརྟག་ཞིབ་དང་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་རྗེས་《མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་བྱ་རྒྱུའི་སྒྲོམ་གཞིའི་བསམ་འཆར་》ཞིབ་འཇུག་བྱས་ནས་བཟོས་ཡོད། རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་གཏན་འཁེལ་སྔ་ཤོས་བྱས་པའི་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ཐེངས་འདིར་ཧྲང་ཧའེ་དང་པེ་ཅིང་གི་རྗེས་སུ་སྒྲོམ་གཞིའི་བསམ་འཆར་བཟོས་ནས་བཏོན་པ་དེས་གཙོ་གནད་འཚོལ་ཞིབ་དང་ལག་ལེན་རབ་དང་རིམ་པར་བརྟེན་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་མཐུན་སྦྱོར་རང་བཞིན་དང་། མཉམ་འགུལ་རང་བཞིན། ལེ་ལག་ཚང་བའི་རང་བཞིན་བཅས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།
         མཚོ་སྔོན་གྱིས་ཐེངས་འདིར་བཏོན་པའི་སྒྲོམ་གཞིའི་བསམ་འཆར་དེ་ཉིད་ཕྱོགས་ལྔའི་ཐད་ཀྱི་ལས་འགན་27དང་འབྲེལ་བ་ཡོད་པ་དང་། གཙོ་བོ་དབང་ཆ་བེད་སྤྱོད་ཚད་ལྡན་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་ནུས་ལྡན་གཏོང་བ་དང་། སྔོན་ཚུད་བཅོས་སྒྲིག་ལ་སྐུལ་འདེད་དང་ཚན་རྩལ་བེད་སྤྱོད་ཟབ་ཏུ་བཏང་ནས་གྱོད་གཞི་མང་བ་དང་ཐག་གཅོད་བྱེད་མི་ཉུང་བའི་འགལ་ཟླ་ནུས་ཤུགས་ཡོད་རྒུས་སེལ་བ། རིགས་དབྱེ་དོ་དམ་འཐུས་ཚང་དང་ལམ་ལུགས་ཀྱི་འགན་ལེན་བརྟན་དུ་བཏང་ནས་ཁྲིམས་འཛིན་ཤེས་ལྡན་པ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། ཁྲིམས་འཛིན་དབང་གྲགས་སྲུང་སྐྱོང་དང་མ་ལག་ཕྱོགས་བསྡུས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྲོག་ཤིང་གི་ནུས་པ་བཏོན་ཏེ་ཏང་ལ་ལྷག་བསམ་ཟོལ་མེད་བྱེད་པའི་སྲིད་ཁྲིམས་དཔུང་ཁག་ཧུར་ཐག་འཛུགས་པ་བཅས་ཚུད་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།