འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་གོའི་ཡུལ་སྐོར་ཉིན་མོར”རྒྱལ་ཡོངས་སུ་ཡུལ་སྐོར་གྱི་དམངས་བདེ་དམངས་ཕན་
    གྱི་བྱེད་ཐབས་ཁག་3000ལྷག་ཙམ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་ནི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཐེངས་བརྒྱད་པ་རེད། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”རིང་ས་གནས་ཁག་གིས་ཡུལ་སྐོར་གྱི་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་ཁག་3000ལྷག་ཙམ་བཏོན་ནས་ཡུལ་སྐོར་བ་དེ་བས་མང་བ་ཡུལ་སྐོར་གྱི་ཉམས་ལེན་ལ་ཞུགས་རྒྱུར་སྐུལ་ལྕག་དང་ཡིད་དབང་བཀུག་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དམངས་བདེ་དམངས་ཕན་གྱི་བྱེད་ཐབས་དེ་དག་གི་ཁོངས་སུ་མཛེས་ལྗོངས་ཁུལ་འགའ་ཤས་རིན་མེད་དམ་ཡང་ན་རིན་གོང་བཅག་ནས་སྤྱི་དམངས་ལ་སྒོ་འབྱེད་པ་དཔེར་ན། ཀྲུང་གོའི་ཙན་དན་སྨུག་པོའི་རྟེན་རྫས་བཤམས་མཛོད་ཁང་དང་ཧོང་ཆེན་ཤན་རོང་སའི་མཛེས་ལྗོངས་ཁུལ་སོགས་སྤྱི་དམངས་ལ་རིན་མེད་ངང་སྒོ་འབྱེད་པ་དང་། ཡུན་ཀང་བྲག་ཕུག་དང་ཧྭ་ཡན་དགོན་པའི་སྒོ་འཛིན་ཕྱེད་ཀ་བཅག་པ་སོགས་ཚུད་པ་དང་། ད་དུང་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བྱེད་ཐབས་ཚུད་པ་དཔེར་ན། ཧྲན་ཏུང་ལེའོ་ཁྲེང་རྒྱ་མཚོ་ཁང་གིས་དབང་པོ་སྐྱོན་ཅན་ལ་རིན་མེད་ངང་སྒོ་འབྱེད་པ་དང་། ཁྲི་ཧྥེང་དང་། ཝུའུ་ལན་ཁྲ་པུའུ། ཧོ་ལོན་པེར་སོགས་ཀྱིས་ཕན་བདེ་ཁང་གི་བྱིས་པ་དང་བྱིས་པ་དབུལ་པོར་རིན་མེད་ངང་ཕ་མ་དང་ཕྲུ་གུ་མཉམ་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོའི་ཉམས་ལེན་སོགས་མཁོ་འདོན་བྱས་པ་རེད། གཞན་ཡང་ངལ་རྩོལ་དཔེ་བཟང་སོགས་སྔོན་ཐོན་ཚོགས་སྤྱིར་དམིགས་ནས་ས་གནས་མང་པོ་ཞིག་གིས་ཡུལ་སྐོར་གྱི་བྱ་དགའ་ལག་བསྟར་ཧུར་ཐག་བྱས་པ་དཔེར་ན། ལེའོ་ཉིང་ཧུའུ་ལུའུ་གླིང་ཕྲན་གྱི་ཆུ་ཐོག་ལྕགས་རི་རིང་པོ་སོགས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པར་རིན་མེད་ངང་སྒོ་འབྱེད་པ་དང་། ཕན་ཅིན་ཧུང་རྒྱ་མཚོའི་གྲམ་ཁ་རྒྱལ་ཁབ་ཀྱི་མཛེས་ལྗོངས་བར་ཁྱམས་ཀྱིས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་སོགས་སྔོན་ཐོན་མཉམ་སྡེབ་ལ་ཡུལ་སྐོར་གྱི་བྱ་དགའ་ལག་བསྟར་བྱས་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།