འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བདམས་ཐོན་པས་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་སྙུགས་ཤེད་ལུས་ཤུགས་རྣམ་གྲངས་
    གཉིས་ཀྱི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་སྙུག་ཤེད་རྣམ་གྲངས་གཉིས་ཀྱི་འགྲན་སློང་འགྲན་བསྡུར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་མཇུག་འགྲིལ་ཞིང་། ཀྲུང་གོའི་བདམས་ཐོན་པ་ཁྲེང་ཅ་ཏུང་དང་ཆིའུ་ཐན་ལ་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།
         འགྲན་བསྡུར་དེ་ནི་མིག་སྔར་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་མཐར་ཟད་འགྲན་བསྡུར་གྱི་གྲས་ཤིག་ཡིན་ཞིང་། ས་བབ་མཐོ་ཚད་སྨི་3300ཡི་སར་རྒྱུག་ཤར་གློད་པ་དང་རྐང་འཁོར་བཞོན་རྒྱུ་དེས་ལུས་རྩལ་པའི་ལུས་ཤུགས་དང་སྙུགས་ཤེད་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།
         ད་རེས་ཀྱི་འགྲན་བསྡུར་ནང་རྒྱལ་ཁབ་དང་ས་ཁུལ་7གྱི་བདམས་ཐོན་པ་200ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་དང་། མི་རྐྱང་པའི་ཚོགས་ཆུང་དང་ཚོགས་པའི་རྒྱུག་མཐུད་ཚོགས་ཆུང་གཉིས་སུ་ཕྱེ་ཡོད། བདམས་ཐོན་པས་སུམ་རྩེན་གླིང་ནས་ཐོན་ཏེ་སྤྱི་ལེ་10རྒྱུག་ཤར་གློད་རྗེས་རྐང་འཁོར་བཞོན་ཏེ་ནགས་ཕག་མཚོར་སྤྱི་ལེ་35སྐོར་བ་བརྒྱབ་རྗེས་རྡོ་མཁར་གནའ་གྲོང་དུ་སྤྱི་ལེ་5རྒྱུག་ཤར་གློད་མཐར་གཞི་ནས་དམིགས་སར་འབྱོར་གྱི་ཡོད་པ་རེད།
         ད་རེས་ཀྱི་འགྲན་བསྡུར་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས་གཙོ་གཉེར་བྱས་པ་དང་། པེ་ཅིང་ནོར་ཏེ་ཝུའེ་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སིས་གཉེར་འགན་འཁུར་བ་བ་ཞིག་ཡིན་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།