འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ན་སྨི་པི་ཡར་ཨ་ཧྥེ་རི་ཁ་ལྷོ་མའི་ས་ཁོངས་ཟོག་འགྲེམས་ལྟེ་གནས་སྐྲུན་
    རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གྲུ་ཁ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སི(ཀྲུང་གོ་གྲུ་ཁ)ཡིས་ན་སྨི་པི་ཡའི་ཨོ་ཡར་ཝེ་སི་མཚོ་ཁུག་ཏུ་ས་རྡོ་བརྒྱངས་ཏེ་སྨི་ངོས་གྲུ་ཁྲི་40ཡོད་པའི་མིས་བཟོས་གླིང་ཕྲན་ཞིག་བསྐྲུན་ནས་གྲུ་ཁར་དོས་སྒམ་འདོན་འཇུག་གྲུ་ཁ་གསར་པ་ཞིག་སྐྲུན་རོགས་བྱས་པ་རེད། དོས་སྒམ་གྲུ་ཁའི་རྣམ་གྲངས་ནི་2014ལོ་ནས་ལས་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད། རྣམ་གྲངས་སྐྲུན་རྗེས་ཨོ་ཡར་ཝེ་སི་མཚོ་ཁུག་གྲུ་ཁའི་ལོ་རེའི་དོས་སྒམ་འདོན་འཇུག་བྱེད་ཚད་ད་ལྟའི་དོས་སྒམ་ཁྲི་30ནས་ཁྲི་75བར་མང་དུ་འགྲོ་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།