འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་16པའི་ཧ་སག་སི་ཐན་དང་ཀྲུང་གོའི་ཚོང་ཟོག་འགྲེམས་སྟོན་ནང་ཀྲུང་གོའི་ཁེ་ལས་
    ཉིས་བརྒྱ་ལྷག་ཙམ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། སྐབས་16པའི་ཧ་སག་སི་ཐན་དང་ཀྲུང་གོའི་ཚོང་ཟོག་འགྲེམས་སྟོན་ཧ་སག་སི་ཐན་གྱི་ལྷོ་རྒྱུད་གྲོང་ཁྱེར་ཨ་ལ་མུའུ་ཐུར་འགོ་ཚུགས་ཤིང་། ཀྲུང་གོའི་ཁེ་ལས་220འགྲེམས་སྟོན་ནང་ཞུགས་ཤིང་། འགྲེམས་སྟོན་ཐོན་རྫས་ནང་འཛད་སྤྱོད་དང་གློག་རྡུལ་ཐོན་རྫས་དང་། ཞིང་ལས་ལག་རྩལ་དང་སྒྲིག་ཆས། ཞིང་ཞོར་ཐོན་རྫས། འཛུགས་སྐྲུན་རྒྱུ་ཆ་དང་ཁྱིམ་སྤྱོད་ཐོན་རྫས་སོགས་ཁྱབ་ཁོངས་ཚུད་ཡོད་པ་རེད།
         ད་ཐེངས་ཀྱི་འགྲེམས་སྟོན་ནི་ཀྲུང་གོའི་ཚོང་དོན་པུའུ་དང་། ཀྲུང་གོའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱིས་ཐུན་མོང་ཐོག་གཉེར་ཞིང་། འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་7000ཟིན་ཡོད། ཁྱོན་ཤིན་ཅང་དང་། མཚོ་སྔོན། ཀན་སུའུ། ཧྲའན་ཤིས། ཀྲེ་ཅང་། ཉིང་ཞ། སི་ཁྲོན། ཧྥུའུ་ཅན་སོགས་ཀྲུང་གོའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་གྲངས་ནས་ཡོང་བའི་ཁེ་ལས་ཞུགས་ཡོད་པ་རེད། འགྲེམས་སྟོན་བྱེད་རིང་ད་དུང་2018ལོའི་ཀྲུང་ཧའི་དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་གླེང་སྟེགས་དང་། 2018ལོའི་ཀྲུང་ཧའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་མཉམ་ལས་གླེང་སྟེགས། ཀྲུང་ཧའི་ཞིང་ལས་གྲལ་སྒོར་ཚོགས་འདུ། མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་གྲགས་ཅན་ཚོང་ཟོག་གི་འོས་སྦྱོར་འདུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དབར་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱ་ཆེད། སྐབས་འདིའི་འགྲེམས་སྟོན་ལ་མཚོ་སྔོན་ཞིང་ཆེན་དེ་ཉིད་མགྲོན་བདག་ཞིང་ཆེན་གྱི་ངོས་ནས་གདན་དྲངས་པ་དང་། བདེ་ཐང་འཕྲོད་སྦྱོར་ཐོན་རྫས་དང་། ས་མཐོའི་ཁྱད་ལྡན་བཟའ་བཅའ། བཟོ་ལས་དང་མི་རིགས་ཀྱི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་བཅས་ཀྱི་འགྲེམས་ཁུལ་ཆེན་པོ་གསུམ་བཀོད་སྒྲིག་བྱས་པར་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་རིགས་ཆེ་གྲས་8ཀྱི་སྣ་ཁ་600ལྷག་ཙམ་ཡོད་པ་རེད།
         སྐབས་འདིའི་འགྲེམས་ཚོགས་ཀྱིས་མཚོ་སྔོན་གྱི་ཡུལ་ཤུལ་རྫོང་དང་། ཙོང་ཁ་རྫོང་། ཡ་རྩི་རྫོང་བཅས་དང་། ཤིན་ཅང་གི་ལོ་ཕུ་རྫོང་། ཧྲའན་ཤིས་ཀྱི་ཧྲང་ནན་རྫོང་དང་། ལན་ཀའོ་རྫོང་། ཙེ་དབྱང་རྫོང་། ལོ་ནན་རྫོང་། ཀན་སུའུ་ཡི་ཅིང་ཡོན་རྫོང་དང་ལི་རྫོང་བཅས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་10ཡི་ཁེ་ལས་འགྲེམས་སྟོན་ནང་ཞུགས་རྒྱུར་དམིགས་བསལ་གྱི་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་ཕྱི་རོལ་གྱི་འགྲེམས་ཚོགས་ལས་སྟེགས་བརྒྱུད་ས་ཁུལ་དབུལ་པོའི་ཁེ་ལས་དང་ཐོན་རྫས་ཕྱི་རྒྱལ་དུ་འགྲེམས་སྟོན་བྱས་པ་ནི་ཚོང་དོན་པུའུ་དང་ས་གནས་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དོན་འཁྱོལ་བྱེད་པའི་ཚོད་ལྟ་དང་དགེ་མཚན་ལྡན་པའི་བྱ་སྤྱོད་ཅིག་རེད། དེས་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་རྫས་རྒྱལ་སྤྱིར་བྲིན་ཚོང་བྱེད་པའི་ཐབས་ལམ་རྒྱ་ཆེར་འགྲོ་རྒྱུར་ཕན་ཐོགས་ཡོད་ལ་ས་ཁུལ་དབུལ་པོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་རྒྱུར་ཡང་སྐུལ་འདེད་ཐེབས་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།