འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གྲྭ་འབྲིང་ཆུང་གི་རྒྱའི་སྐད་ཡིག་དཔེ་སྟོན་དཔེ་ཀློག་མཛོད་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “སློབ་གྲྭ་འབྲིང་ཆུང་གི་རྒྱའི་སྐད་ཡིག་གི་དཔེ་སྟོན་དཔེ་ཀློག་མཛོད”ཁག་དང་པོའི་སྒྲ་ལྡན་བསླབ་གཞི་100ཚེས་19ཉིན་དངོས་སུ་ཡོངས་བསྒྲགས་བྱས་པ་རེད། སྤྱི་དམངས་ཀྱིས་ཀྲུང་དབྱང་རླུང་འཕྲིན་དྲ་རྒྱ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་རྒྱ། རྒྱལ་སྤྱིའི་དྲ་རྒྱ། སློབ་གསོ་པུའི་གཞུང་ཕྱོགས་ཀྱི་དྲ་ཚིགས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ནས་ཉན་ཐུབ།
         “སློབ་གྲྭ་འབྲིང་ཆུང་གི་རྒྱའི་སྐད་ཡིག་གི་དཔེ་སྟོན་དཔེ་ཀློག་མཛོད”ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སློབ་གསོ་པུས་མཉམ་ལས་བྱས་པ་ཞིག་ཡིན་ཞིང་། དེར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕུལ་བྱུང་སྙན་སྒྲོན་པ་དང་། གཙོ་སྐྱོང་བ། རྩེར་སོན་གྱི་སྒྲ་འཇུག་པ་བཅས་70ལྷག་ཙམ་གྱིས་ཕབ་འཇུག་བྱས་པ་དང་། དག་ནང་དོན་ཐད་སློབ་གསོ་པུས་ཞིབ་བཤེར་གཏན་འབེབས་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་སློབ་ཚན་ཡོངས་རྫོགས་ཚུད་ཡོད། ཚད་གཞི་མཐོ་བ་དང་སྤུས་ཚད་ལེཌ་པའི“སྒྲ་ལྡན་སྐད་ཡིག་བསླབ་གཞི”ཞིག་གཏོད་ཆེད་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་སློབ་གསོ་པུའུ་ཡིས་སྙན་སྒྲོན་ལས་རིགས་དང་སྐད་ཡིག་སློབ་གསོའི་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་རིགས་གཅིག་མཁས་ཅན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཆེད་མངགས་བཙུགས་ཏེ་སློབ་ཚན་རེ་རེའི་ཞིབ་བཤེར་གྱི་འགག་སྒོ་ནན་པོ་བསྲུངས་པས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཀློག་སྟངས་ཀྱི་ཚད་གཞི་ལོན་ཡོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།