འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཀྲོའུ་ཡིས་ནུས་ཤུཌ་ཡོད་རྒུས“གསང་སྤྱོད་གསར་བརྗེར”
    སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚོགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “གསང་སྤྱོད་གསར་བརྗེ”འདི་ཉིད་རྨང་གཞིའི་འདུ་འགོད་དང་། ཤེས་དཔལ་འདུ་འགོད། དམངས་འཚོའི་འདུ་འགོད། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ལས་དོན་གལ་ཆེན་བཅས་ལ་བརྩི་རྒྱུ་ཡིན་ཞིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་གསང་སྤྱོད་ཁྲི་2.54གསར་དུ་སྐྲུན་ཏེ། ཡུལ་ཤུལ་ཀྲོའུ་ཡོངས་སུ་གསང་སྤྱོད་འདང་ངེས་ཡོད་པ་དང་། བཀོད་སྒྲིག་བྱ་ཚུལ་ལུགས་དང་མཐུན་པ། ནུས་པ་ཚང་ལ་སྤྱོད་གོ་ཆེ་བ། དོ་དམ་ནུས་ལྡན། གཙང་སྦྲ་དོད་པ། གསང་སྤྱོད་ཤེས་དཔལ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་ཞན་ཆ་ཧུར་ཐག་གསབ་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་དགོས་མཁོ་བསྐང་རྒྱུ་རེད།
         ལས་དོན་སྤེལ་རིང་ཡུལ་ཤུལ་ཀྲོའུ་ཡིས་ཆུ་མེད་གསང་སྤྱོད་དང་སྒྲིག་བཀོད་རྙིང་འགྱུར་གྱི་སྤྱི་པའི་གསང་སྤྱོད་ཉམས་གསོ་སྒྱུར་བཀོད་ལས་དོན་ལ་དམིགས་སུ་བཀར་ནས་བསམ་གཞིགས་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད་སྒྱུར་བཀོད་མགྱོགས་པོ་བྱ་རྒྱུ་དང་སྤྱི་པའི་གསང་སྤྱོད་ཀྱི་ཆུ་སྤྱོད་མ་ལག་དང་གློག་སྒྲོན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་389བསྐྲུན་རྒྱུའི་འགན་ལེགས་སྒྲུབ་བྱ་རྒྱུ་དང་། ཆུ་འདོན་འབུད་ཀྱི་ཆ་རྐྱེན་འཛོམས་པའི་ཤང(གྲོང་རྡལ)དང་དེ་ཡན་གྱི་སྤྱི་པའི་གསང་སྤྱོད་ཚང་མ་ཆུ་བཤལ་ཐུབ་པའི་གསང་སྤྱོད་དུ་བསྒྱུར་རྒྱུ། ཆུ་བཤལ་ཐུབ་པའི་གསང་སྤྱོད་འཛུགས་སྐྲུན་གྱི་ཆ་རྐྱེན་གནས་སྐབས་མ་འཛོམས་པའི་ཆུ་མེད་གསང་སྤྱོད་ཚང་མ་གནོད་མེད་ཅན་དང་གཙང་སྦྲ་ཅན་དུ་བསྒྱུར་རྒྱུ་རེད། གཞན་ཡང་ཚོང་ར་དང་། སྒོ་རྩིས་ཚོང་ཁང་། ཞིང་ཟོག་ཉོ་ཚོང་ཁྲོམ་ར་བཅས་ཚང་མར་སྤྱི་པའི་གསང་སྤྱོད་ཁྱབ་པར་བྱ་རྒྱུ་རེད།
        མཛེས་པའི་གྲོང་གསེབ་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་སོགས་ལས་གྲྭ་འཛུགས་སྐྲུན་དང་ཟུང་འབྲེལ་གྱིས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ཏེ། སྲོལ་རྒྱུན་གྱི་རྗེས་ལུས་ཀྱི་དུད་ཚང་གསང་སྤྱོད་གང་མགྱོགས་མེད་པར་བཟོ་བ་དང་། ཆུ་མེད་གསང་སྤྱོད་དག་ཆུ་བཤལ་ཐུབ་པའི་གསང་སྤྱོད་དུ་སྒྱུར་བའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ་མེད་གསང་སྤྱོད་གསར་པ་ཁྱབ་གདལ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་པའི་ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་འཛུགས་སྐྲུན་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་གསང་སྤྱོད་ཁྲི་2.45བསྐྲུན་རྒྱུའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དང་ཞིང་འབྲོག་ཁུལ་དུ་གནོད་མེད་ཅན་གྱི་གཙང་སྦྲ་དོད་པའི་གསང་སྤྱོད་རྩ་བའི་ཆ་ནས་ཁྱབ་པར་བྱ་རྒྱུ་རེད། འགྲིམ་འགྲུལ་ལམ་རྒྱུད་དང་འགྲིམ་འགྲུལ་ས་ཚིགས་གཙོ་བོར་རླངས་འཁོར་ཆུ་ཚོད་གཉིས་རེ་སྐྱོད་པའི་མཚམས་སུ་གསང་སྤྱོད་1བསྐྲུན་རྒྱུའི་གཞིར་བཟུང་། མ་ལམ་རྒྱུད་ཀྱི་གསང་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་དང་། ད་ཡོད་སྣུམ(རླངས)སྣོན་ས་ཚིགས་ཀྱི་གསང་སྤྱོད་རིམ་སྤོར་བསྒྱུར་བཀོད་བྱ་རྒྱུ། ཆུ་འདོན་འབུད་སོགས་ཀྱི་ཆ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཙང་སྦྲ་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་བྱེད་ཐབས་ཚད་ལྡན་དུ་གཏོང་རྒྱུ་རེད། གཙོ་གནད་ཡུལ་ལྗོངས་ཁུལ་དུ་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བསམ་གཞི་གཞིར་བཟུང་། ཁྱད་ཆོས་མངོན་གསལ་དོད་པ་དང་། བཀོད་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་བ། གྲུབ་ཆ་ལུགས་དང་མཐུན་པ། གཙང་སྦྲ་དོད་པ་བཅས་ཀྱི་ཡུལ་སྐོར་གསང་སྤྱོད་བསྐྲུན་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།