འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་བྱེད་སྒོ་སྤེལ་ཏེ་ཕྱི་ཁོངས་ཀྲུང་གོ་བ་ཨོ་སི་ཁྲུ་ལི་ཡར་སླེབས་ནས་ལོ་200
    འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་23ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་གྱི་དགོང་མོ“ཨོ་སི་ཁྲུ་ལི་ཡའི་ལས་རིགས་ཁག་གིས་ཕྱི་ཁོངས་ཀྲུང་གོ་བ་ཨོ་སི་ཁྲུ་ལི་ཡར་སླེབས་ནས་ལོ་200འཁོར་བར་དྲན་གསོ་ཞུ་བའི་མཚན་ཚོགས་ཆེ་གྲས”ཤིས་ཉི་གྲོང་ཁྱེར་འཛུགས་སྐྲུན་ཐིང་དུ་འཚོགས་པ་དང་། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གི་དཔོན་རིགས་དང་། ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔོན་རིགས། དེ་བཞིན་ཨོ་སི་ཁྲུ་ལི་ཡའི་ལས་རིགས་ཁག་གི་འཐུས་མི་སོགས་མི་2000ཙམ་མཚན་ཚོགས་ནང་ཞུགས་ཡོད་པ་རེད།
         ཤིས་ཉི་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་ཐུང་ཞུའེ་ཅུན་གྱིས་ཤིས་ཚིག་བརྗོད་སྐབས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་དབར་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་ལྟ་བུར་གྱུར་ཡོད། “ད་ཆ་ཤིས་ཉི་ཆེན་པོའི་ཁུལ་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཁྲི་50ལྷག་ཙམ་ཟིན་ནས་རྒྱ་སྐད་རྒྱག་མཁན་མི་གྲངས་ཁྲི་36ཟིན་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔལ་འབྱོར་དང་། རིག་གནས། ཚན་རྩལ་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཁག་ནང་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་མཛའ་གྲོགས་ཀྱང་ཟབ་ཏུ་བཏང་ཡོད”ཅེས་བརྗོད་པ་རེད།
         ལྷོ་ཝེར་ཧྲེ་ཀྲོའུ་གསར་པའི་གྲོས་ཚོགས་ཀྱི་ནང་བློན་ཁང་གི་དྲུང་ཆེ་གཡོད་ཧན·ཤིས་ཏུའོ་ཏིས“ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད་པ་དང་འབྲེལ་ལྷོ་ཝེར་ཧྲེ་ཀྲོའུ་གསར་པར་འཁྲུག་ཆ་དོད་ཤོས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་སྡེ་ཁུལ་གྱི་གྲས་སུ་གྱུར་ཡོད། ཀྲུང་གོའི་གནས་སྤོས་ཡུལ་མི་དང་ཁོང་ཚོའི་ཁྱིམ་ཚང་གིས་ཀྱང་སྤྱི་ཚོགས་ཀྱི་ཕྱོགས་ཁག་ནང་ཧུར་ཐག་ཞུགས་བཞིན་ཡོད་པས་ལེགས་སྐྱེས་དེ་ཧ་ཅང་རྩ་ཆེན་ཞིག་རེད”ཅེས་བརྗོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།