འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་མོའི་སྒུལ་བྱེད་འཕྲུལ་
    འཁོར་ཚོད་ལྟའི་ར་སྤྲོད་གནམ་གྲུ་དང་པོའི་གློག་སློང་ཐུབ་པ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། གོང་ཚེས་ཉིན། གསར་འགོད་པར་ཀྲུང་གོ་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་དུས་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་མོའི་སྒུལ་བྱེད་འཕྲུལ་འཁོར་ཚོད་ལྟ་ར་སྤྲོད་གནམ་གྲུ(CJ-1000AX)དང་པོ་དེ་ཧྲང་ཧའེ་རུ་གློག་སློང་ཐུབ་པ་བྱུང་བ་དང་ལྟེ་བའི་འཕྲུལ་འཁོར་མྱུར་འཁོར་བྱེད་ཚད་6600rpmཟིན་གྱི་ཡོད།
         ད་ཆ་གོ་ལ་ཧྲིལ་པོར་མཉམ་ལས་རོགས་ཟླ་110ལྷག་ཀྲུང་གོའི་ཚོང་དོན་གྱི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཐོན་ལས་ནང་ཞུགས་པ་དག་ཐོན་ཟོག་ཞིབ་བཟོ་དང་། བཟོ་སྐྲུན། མ་བཅོས་རྒྱུ་ཆ། ཚོད་ལྟ་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།