འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གྱིས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་པས“གཙང་པོ་ཡུན་རིང་བཅོས་སྒྲིག”
    མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་ཁོར་ཡུག་ལེཌ་གཏོང་། ཆུའི་སྣོད་བཅུད་སླར་གསོ་བཅས་དམིགས་ཚད་གཙོ་བོར་བྱས་ཏེ་ཆུ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ“དལ་འབབ་གཙང་པོ་ཤར་དུ་རྒྱུག་རྒྱུ”འགན་ལེན་བྱས་ཡོད། ལོ་གཅིག་རིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཆུ་ལམ་ལ་ཆུ་དཔོན་ལམ་ལུགས་ཀྱི་དོ་དམ་བྱ་རྒྱུ་ཁྱབ་སྤེལ་ཧུར་ཐག་བཏང་ནས“ཁྱབ་ཁོངས་ཁ་གསལ་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། བྱེད་ཐབས་དམིགས་སར་འབྱོར་བ”བཅས་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས་དང་ཏང་སྲིད་འགན་མཉམ་འཁུར”གྱི་རྩ་དོན་གཞིར་བཟུང་། བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལས་ཀའི་ཐབས་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་། མཐུན་སྦྱོར་གོ་རིམ་ལྡན་པ་དང་། དཔྱད་ཞིབ་ནན་པ། སྲུང་སྐྱོང་ནུས་ལྡན་བཅས་ཀྱི་ཆུ་ལམ་དོ་དམ་དང་སྲུང་སྐྱོང་གི་ལམ་སྲོལ་བཙུགས་པ་རེད།
         ལས་དོན་སྤེལ་རིང་། ཡུལ་ཤུལ་ཀྲོའུ་ཡིས་ཁོར་ཡུག་ལྟ་བཤེར་ལས་དོན་གོ་སྐབས་སུ་བྱས་ཏེ་ཆུ་ལམ་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དང་བྱེད་ཐབས་ལ་གོང་རིམ་གྱིས་འོག་རིམ་འཁྲིད་པ་དང་རིམ་པ་བཞིན་སྐུལ་འདེད་བཏང་བ་རེད། ཆུ་དཔོན་དཔྱད་ཞིབ་དེ་རིམ་ཁག་སྲིད་གཞུང་གི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ནང་དོན་ལ་བརྩིས་ནས་ཆུའི་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཆུ་ལམ་ཚང་མའི་དོ་དམ་པ་དང་། འགན་འཁུར་བ། འགན་འཁུར་ཚན་པ། དོ་དམ་ལམ་ལུགས་བཅས“དོན་འཁྱོལ་བཞི”འགན་ལེན་ཏན་ཏིག་བྱས་པ་རེད། རིམ་ཁག་ཆུ་དཔོན་གྱིས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཆུ་མཚོའི་སྐོར་ཞིབ་ལས་དོན་སྤེལ་ནས་ཀྲོའུ་ཡོངས་ཀྱི་ཆུ་དཔོན་ལམ་ལུཌ་ལས་དོན་ཚང་མར་ཁྱབ་པ་དང་ཁོངས་གཏོཌ་ཁུལ་གྱི་ཆུའི་ཁོར་ཡུག་སྤུས་ཚད་དེ་བྱེད་ནུས་ཁུལ་གྱི་ཚད་གཞིའི་བླང་བྱར་ལོན་པའི་འགན་ལེན་བྱས་ཏེ་ཆུ་ལམ་གྱི་ཆུ་དྭངས་གཙང་དང་འདམ་རྫབ་བཅོས་སྒྲིག་ཡག་པོ་བྱས་ཡོད། དེ་དང་ཆབས་ཅིག་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་དང་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་སོགས་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་བ་རེད།
         མིག་སྔར། ཡུལ་ཤུལ་དུ་རིམ་ཁག་ཆུ་དཔོན་ཁྱོན་456བསྐོ་གཞག་བྱས་པ་དང་ཀྲོའུ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཆུ་དཔོན་གྱིས་ཆུ་བོ་138ཀྱི་དོ་དམ་ལས་དོན་གྱི་འགན་ཁུར་ནས་ཆུ་མཚོའི་དོ་དམ་དང་ཆུ་མཚོའི་བཅོས་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།