འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡིའུ་ཆོན་གྱིས་སྐབས་བཅུ་བཞི་པའི་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཐོ་
    རིམ་མཚན་གནས་ཐོབ་མཁན་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་པེ་ཅིང་དུ་སྐབས་བཅུ་བཞི་པའི་བོད་བརྒྱུད་ནང་བསྟན་གྱི“མཐོ་རམས་པའི”མཐོ་རིམ་མཚན་གནས་ཐོབ་མཁན་ལ་མཇལ་འཕྲད་གནང་བ་དང་ཆབས་ཅིག་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         ཡིའུ་ཆོན་གྱིས་བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་རང་འགུལ་ངང་འཚམ་པར་བྱེད་པ། འདུལ་ཁྲིམས་དང་བསྟན་དོན་འཆད་འགྲེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་བརྒྱུད་ནང་བསྟན་དེ་དུས་རབས་གསར་པར་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         བོད་བརྒྱུད་ནང་བསྟན་གྱི་མཚན་གནས་གསར་པའི་གྲས་སུ“མཐོ་རམས་པ”དང་། “འབྲིང་རམས་པ” “གྲྭ་རམས་པ”བཅས་རིམ་པ་གསུམ་ཚུད་ཡོད། “མཐོ་རམས་པ”ནི་དགེ་བཤེས་ལྷ་རམས་པ་དང་ཧ་ལམ་མཚུངས་ཀྱི་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།