འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གི་གཞུང་ཁོངས་རྒྱུ་ནོར་ཚོགས་པས་ཁྲོམ་ར་ཅན་གྱི་ཐོན་ལས་བོད་སྐྱོར་ལ་ཕན་སྐུལ་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀོང་ཏུང་ཀྲུང་ཧྲན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ལ་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་བོད་ལྗོངས་ཀྲུང་ཀོང་ཧུའེ་ཤིན་འཕེལ་རྒྱས་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཏེ་བཙུགས་པ་རེད། “སྲིད་གཞུང་གིས་ཁྲིད་སྟོན་དང་། གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་། ཁྲོམ་རའི་འཁོར་སྐྱོད། ཐོན་ལས་སྐུལ་སྤེལ”བཅས་ཀྱི་བྱེད་ཐབས་སྔོན་ལ་འཚོལ་ཞིབ་བྱས་ཏེ་རོགས་སྐྱོར་དང་ལེན་བྱེད་མཁན་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཁྱབ་གདལ་གཏོང་བར་ཕན་སྐུལ་བྱས་པ་རེད།
         2016ལོའི་ཟླ་བདུན་པར་ཀྲུང་ཧྲན་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རུ་ཁ་གཏད་རོགས་སྐྱོར་བྱས་ཚུན་མ་དངུལ་སྒོར་དུང་ཕྱུར་1.5བཏང་སྟེ་རིགས་ཆེ་བ་13ཡི་ཐོན་ལས་དང་དམངས་འཚོའི་བོད་སྐྱོར་རྣམ་གྲངས་སྔ་རྗེས་སུ་ལག་བསྟར་བྱས་ཡོད། ཉེ་དུས་གསར་དུ་བཙུགས་པའི་བོད་ལྗོངས་ཀྲུང་ཀོང་ཧའེ་ཤིན་འཕེལ་རྒྱས་ཚད་ཡོད་ཀུང་སི་དེ་ཀྲུང་ཧྲན་གྲོང་ཁྱེར་གྱི་ཀྲུང་ཧུའེ་ཚོགས་པ་དང་། ཤིན་ཀྲུང་ཚོགས་པ། གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ། འགྲིམ་འགྲུལ་ཚོགས་པ་བཅས་གཞུང་ཁོངས་ཁེ་ལས་ཆེན་པོ་བཞི་ཡིས་ཚོགས་སྒྲིག་རྣམ་པའི་ཐོག་ནས་མཉམ་དུ་བཙུགས་པ་ཞིག་རེད།
         ཀྲུང་ཧྲན་གྲོང་ཁྱེར་བོད་སྐྱོར་གྱི་རུ་སྣེ་འཁྲིད་མཁན་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་ཁྲའོ་ཀང་གིས“གཞུང་ཁོངས་རྒྱུ་ནོར་བོད་སྐྱོར་གྱིས་ཐོན་ལས་བོད་སྐྱོར་གྱི་སྲིད་གཞུང་གི་གཙོ་ཁྲིད་རང་བཞིན་དང་། སྒུལ་ཤུགས་སྣོན་པའི་ཐོན་ལས་ཀྱི་རྩ་བའི་རང་བཞིན། ས་གནས་དེ་གའི་ཕན་འབྲས་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཕན་རང་བཞིན་བཅས་ལ་མཐོང་ཆེན་བྱས་པ་དང་ཕན་འབྲས་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་འཁོར་ལོ་གསུམ་གྱི་བོད་སྐྱོར་གཙོ་བོར་བྱས་ཏེ་ཡུན་རིང་ཕན་འབྲས་ཕྱོགས་སུ་ཕྱོགས་སྒྱུར་བྱས་པ་དང་ལམ་སྲོལ་དེ་སྲིད་གཞུང་གིས་གཙོ་ཁྲིད་ནས“སྲིད་གཞུང+ཁྲོམ་ར་ཅན”གྱི་རྣམ་པའི་ཕྱོགས་སུ་ཕྱོགས་སྒྱུར་བྱས་པ་དང་ཆབས་ཅིག་ཁྲོམ་རའི་འཁོར་སྐྱོད་ལག་བསྟར་བྱས་ཏེ་མ་རྩ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཐོན་ལས་བོད་སྐྱོར་དང་གཞུང་ཁོངས་རྒྱུ་ནོར་བོད་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ཡོད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲུང་ཧྲན་གྲོང་ཁྱེར་གྱིས་གཉེར་སྐྱོང་དོ་དམ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་མ་རྩ་འཁོར་རྒྱུག་ལ་བྱང་ཆུབ་པའི་གཞུང་ཁོངས་རྒྱུ་ནོར་མི་སྣ་གཉེར་སྐྱོང་དོ་དམ་ལས་སྟེགས་ཀུང་སིར་བཀོད་སྒྲིག་བྱས་ཏེ་དོ་དམ་གཉེར་སྐྱོང་ཁྲོད་ཕུལ་བྱུང་ཤེས་ལྡན་མི་སྣ་སྐུལ་ཁྲིད་དང་བསྡུ་ལེན་དང་གཞུང་ཁོངས་ཁེ་ལས་དོ་དམ་ཤེས་ལྡན་མི་སྣ་གསོ་སྦྱོང་དང་སྐྱེད་སྲིང་བྱས་པ་དང་ཆབས་ཅིག་རྫོང་ཁོངས་ཀྱི་གདོད་མའི་སྣོད་བཅུད་མཛེས་ལྗོངས་ཁུལ་50སོགས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་སྤྱད་དེ་ས་གནས་གཉིས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱ་སྐྱེད་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་གསར་སྐྲུན། གསོལ་མགྲོན་ཁང་རིམ་སྤོར་སོགས་མཉམ་དུ་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
         ཀོང་པོ་རྒྱ་མདའ་རྫོང་གི་རྫོང་དཔོན་ཧྲི་ཡུན་པེན་གྱིས“གཞུང་ཁོངས་ཁེ་ལས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་སྤྱི་ཚོགས་ཐོན་ཁུངས་དེ་དོ་དམ་དང་། ལག་རྩལ། ཁྲོམ་ར་བཅས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སྲིད་གཞུང་གི་མ་འཇོག་གི་འགྱོགས་མདའི་ནུས་པ་ཆེ་རུ་བཏང་ཡོད”ཅེས་བཤད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།