འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ཁུལ་དུ་སྣོད་བཅུད་བདག་སྐྱོང་
    བ་དུད་ཚང་ཚང་མར་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྨ་སྟོད་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ཁུལ་དུ་སྣོད་བཅུད་བདག་སྐྱོང་བ་དུད་ཚང་ཚང་མར་ཁྱབ་ཐུབ་པ་བྱུང་བ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ཁུལ་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ཁོངས་སུ་ཡོད་པ་དང་། གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་དང་། སྐར་ཚོམ་མཚོ་སྲུང་སྐྱོང་ཁུལ་2སུ་དབྱེ་ཡོད་པ་དང་། དེ་བཞིན་སྲུང་སྐྱོང་ཡན་ལག་ཁུལ་གྱི་ཆུ་བེད་མཛེས་ལྗོངས་ཁུལ་དང་། ཆུའི་ཐོན་རྫས་སྲུང་སྐྱོང་གི་ཐོན་ཁུངས་སྲུང་སྐྱོང་ཁུལ། རྒྱལ་ཁབ་དང་རྒྱལ་སྤྱིའི་འདམ་ར་སོགས་ཟླ་སྒྲིལ་བཏང་བར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.91ཡོད་པ་དང་ས་བབ་མཐོ་ཚད་སྨི་4200ཡན་ཟིན་ཡོད། ཁུལ་དེར་རྨ་སྟོད་རྫོང་གི་རྨ་ཆུ་ཤང་དང་། མཚོ་སྐྱ་རེངས་ཤང་། རྨ་ཕྲ་ལི་གྲོང་རྡལ་བཅས་ཚུད་ཡོད་པ་དང་། སྲིད་འཛིན་གྲོང་ཚོ་19དང་། དུད་ཁྱིམ་2687གྱི་མི་7411ཚུད་པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1196གི་མི་3161ཡོད་པ་རེད།
         རྨ་སྟོད་རྫོང་ཨུད་དྲིལ་བསྒྲགས་པུས་ངོ་སྤྲོད་བྱས་དོན། ཁུལ་དེར་དོ་དམ་ཚད་ལྡན་ཅན་དང་། ཚན་རིག་ཅན། ལམ་ལུགས་ཅན་བཅས་མངོན་འགྱུར་བྱུང་ཡོད། ཁུལ་དེས་སྣོད་བཅུད་སྤྱི་ཕན་ལས་གནས་བཀོད་སྒྲིག་གི་དོ་དམ་ལམ་ལུགས་དང་དཔྱད་ཞིབ་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྫོང་དེ་ཡོངས་ཀྱི་སྣོད་བཅུད་བདག་སྐྱོང་བ་2167(ཁུལ་དེའི་མི་1684)ལ་ལས་གནས་བཀོད་སྒྲིག་དང་། གསོ་སྦྱོང་། ལས་གནས་ཐོག་བསྐྱོད་དེ་ལས་དོན་སྒྲུབ་པ་བཅས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ནས་འགུལ་རྣམ་དོ་དམ་མངོན་འགྱུར་བྱུང་ཡོད། མིག་སྔར་ཁུལ་ནང་གི་སྣོད་བཅུད་བདག་སྐྱོང་བ་དུད་ཚང་ཚང་མར་ཁྱབ་ཡོད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།