འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིའི་དབར་དཔལ་འབྱོར་ཚོང་དོན་ཐད་ཐུན་མོང་གི་ངོས་འཛིན་བྱུང་ནས་
    མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་22ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། ཝ་ཧྲིང་ཐོན་དུ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་དབར་དཔལ་འབྱོར་ཚོང་དོན་གྲོས་མོལ་ཐད་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཞིང་། གསལ་བསྒྲགས་ཀྱི་ནང་དོན་གཤམ་གསལ།
        ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུའི་མཛུབ་སྟོན་གཞིར་བཟུང་། 2018ལོའི་ཟླ་5ཚེས་17དང་ཚེས་18ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་ཕོ་ཉ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཡིས་སྣེ་ཁྲིད་གནང་བའི་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པས་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆན་དང་། ཚོང་དོན་པུའུ་ཀྲང་ལུའོ་སི། ཚོང་དོན་སྐུ་ཚབ་ལའེ་ཐེ་ཤིས་ཙེ་སོགས་ཁོངས་མི་ཚུད་པའི་ཨ་རི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པ་དང་ཚོང་དོན་གནད་དོན་ཐད་དགེ་མཚན་ལྡན་པའི་གྲོས་མོལ་གནང་བ་རེད།
         ཕྱོགས་གཉིས་པོས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཨ་རིས་ཀྲུང་གོར་དངོས་ཟོག་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ངོ་བོའི་ཐོག་ནས་ཉུང་དུ་གཏོང་རྒྱུའི་མོས་མཐུན་བྱས་ཡོད། ཀྲུང་གོ་མི་དམངས་ཀྱི་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བ་དང་སྤུས་ཚད་མཐོ་བའི་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་མ་གཏོང་ཆེད་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ནས་ཚོང་ཟོག་ཉོ་བ་དང་ཞབས་ཞུའི་རྣམ་གྲངས་མང་དུ་གཏོང་རྒྱུ་ཡིན་པ་དང་། དེས་ཨ་རིའི་དཔལ་འབྱོར་འཕར་བ་དང་ལས་ཞུགས་ཐུབ་རྒྱུར་ཕན་ཐོགས་ཡོད།
         ཕྱོགས་གཉིས་པོས་དོན་སྙིང་ལྡན་པའི་སྒོ་ནས་ཨ་རིའི་ཞིང་ལས་ཐོན་ཟོག་དང་ནུས་རྒྱུ་ཕྱིར་གཏོང་བྱེད་ཚད་མང་དུ་གཏོང་རྒྱུའི་མོས་མཐུན་བྱས་པ་དང་ཨ་རི་ཕྱོགས་ཀྱིས་ཚོགས་པ་ཀྲུང་གོར་མངགས་ནས་ཞིབ་ཕྲའི་དོན་གནད་ལ་གྲོས་བསྡུར་བྱ་རྒྱུ་རེད།
         ཕྱོགས་གཉིས་པོས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ཟོག་དང་ཞབས་ཞུའི་ཉོ་ཚོང་རྒྱ་ཆེར་གཏོང་རྒྱུར་གྲོས་བསྡུར་བྱས་ནས་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་ཏེ་གོང་གསལ་ཁྱབ་ཁོངས་ཀྱི་ཉོ་ཚོང་ཐད་ཐུན་མོང་གི་ངོས་འཛིན་མང་དུ་གཏོང་རྒྱུ་རེད།
         ཕྱོགས་གཉིས་པོས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་མཐོང་ཆེན་བྱས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས《ཁེ་བེད་བདག་ཐོབ་ཀྱི་བཅའ་ཁྲིམས》ཚུད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་རྒྱག་པའི་ལས་དོན་ལ་སྐུལ་མ་གཏོང་རྒྱུ་རེད།
         ཕྱོགས་གཉིས་པོས་ཕྱོགས་གཉིས་དབར་མ་འཇོག་བྱ་རྒྱུར་སྐུལ་མ་བཏང་ནས་གཞུང་དྲང་དང་འགྲན་རྩོད་ལྡན་པའི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གཏོད་རྒྱུའི་མོས་མཐུན་བྱས་པ་རེད།
         ཕྱོགས་གཉིས་པོས་དེའི་ཐད་མཐོ་རིམ་དབར་གྱི་འབྲེལ་ལམ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རང་ངོས་ཀྱིས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་བྱེད་ལམ་ཧུར་ཐག་འཚོལ་ཞིབ་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།