འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་གཏམ་རྒྱུད་ནེ་པ་ལའི་བརྙན་འཕྲིན་ཐོག་ཡང་ཡང་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་དུས་ཚིགས་དང་པོར་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་མི་སྣའི་གཏམ་རྒྱུད་རབ་དང་རིམ་པ་ནེ་པ་ལ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་བསྟན་ཞིང་། མུ་འབྲེལ་ལེ་ཚན་ལ་ནེ་པ་ལའི་ས་གནས་དེ་གའི་ལྟད་མོ་བ་དང་ཕྱིར་སྡོད་རང་མིའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།
         ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཤང་མང་པོ་ཞིག་གི་འཕེལ་རྒྱས་དང་ཉིང་ཁྲིའི་མང་ཚོགས་དཀྱུས་མའི་གཏམ་རྒྱུད་དབྱིན་ཡིག་དང་ནེ་པ་ལའི་ཡི་གེར་བསྒྱུར་བ་དཔེར་ན། 《ཀླུ་ནང་དུ་ནགས་ཚལ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་གཉིས་དུས་མཉམ་དུ་འཕེལ་རྒྱས་བྱུང་བ་》ཞེས་པ་དེས་ལྟད་མོ་བ་ཚོར་ཀླུ་ནང་གི་གྲོང་སྡེ་ཆུང་ངུས་ཡུལ་སྐོར་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་དཔལ་འབྱོར་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་མངོན་པར་བྱས་པ་དང་། 《ཐང་སྨད་ཀྱི་རང་བྱུང་བཙན་འགག་ལོ་རྒྱུས་སུ་གྱུར་པ་དང་། མཛེས་སྡུག་ལྡན་པའི་འཚོ་བ་ནི་སྐྱེལ་བཞིན་ཡོད་》ཅེས་པ་དེའི་ནང་ལོ་མང་ཉིང་ཁྲིར་འཚོ་བ་སྐྱེལ་མཁན་བཟའ་ཚོ་གཉིས་ཀྱིས་ཐང་སྨད་ཟམ་ཆེན་གྱིས་འཚོ་བར་སྟབས་བདེ་བསྐྲུན་པ་དཔང་པོ་བྱས་ནས་ཞིབ་པར་བཤད་པ་དང་། ལྟད་མོ་བ་ཚོ་ཡང་པར་རིས་དང་བསྟུན་ནས་ཉིང་ཁྲིའི་ཡིད་འོང་ཇ་རར་སླེབས་ཏེ་ཇ་ར་དེས་ས་གནས་དེ་གའི་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་གཏོད་ལུགས་ཤེས་རྟོགས་ཐུབ་ཡོད་པ་རེད།
         ནེ་པ་ལའི་ལྟད་མོ་བ་མུའུ་ཁུན་ཏ་ཡིས་ལེ་ཚན་དེ་བལྟས་རྗེས། “ཉིང་ཁྲི་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་ན། ཁོང་ཚོའི་ས་གནས་དེའི་རིག་གནས་དང་དེ་བཞིན་ཁོང་ཚོའི་རིག་གནས་ཀྱི་ལག་ལེན་ལས་ང་ཚོས་དེ་དང་ཆབས་ཅིག་ཁོང་ཚོའི་ས་གནས་དེའི་རིག་གནས་དང་འཕེལ་རྒྱས་ལ་བསྡུར་བ་བྱེད་ཆོག དོན་དག་གཞན་ཞིག་ནི་ཤེས་དཔལ་གྱི་ཐོག་མའི་དུས་ནས་དེང་རབས་སྤྱི་ཚོགས་བར་ཁོང་ཚོར་དེ་ལྟར་གྱི་ཡུན་རིང་གི་ལོ་རྒྱུས་ཤིག་ལྡན་ཡོད་པ་རེད། ཁོང་ཚོས་འཛམ་གླིང་ཡོངས་ལ་བག་ཆགས་ཟབ་མོ་བཞག་པ་དང་། ཐ་ན་ནེ་པ་ལ་དང་འདྲ་བའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་དེ་བས་དེ་ལྟར་རེད། དེར་བརྟེན་ང་ཚོས་འཕེལ་རྒྱས་གཏོང་སྟངས་དེ་ལྟ་བུར་སློབ་སྦྱོང་བྱེད་རྒྱུ་ནི་སྨོས་མེད་རེད”ཅེས་བཤད།
         ཀླུ་ནང་གི་རྡོ་ཁོག་བཟོ་ཚད་གྱི་རྒྱུན་འཛིན་པ་ཏུང་ཧུང་དང་། ཡར་ཀླུང་གཙང་པོའི་ཐོག་གི་གྲུ་གཏོང་མཁན་བསྟན་འཛིན། ཉིང་ཁྲིའི་རོང་སར་རྔོན་བརྒྱབ་ནས་འཚོ་བ་སྐྱེལ་བ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ལ་འགྱུར་བའི་སྟོབས་རྒྱལ་ལ་སོགས་མི་ཕལ་པ་འགའ་ཤས་ཀྱི་གཏམ་རྒྱུད་ཐུང་ངུ་ལས་ལྟད་མོ་བ་ཚོར་སེམས་འགུལ་ཐེབས་པ་མ་ཟད། ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་ཕྱི་རྒྱལ་གྱི་ལྟད་མོ་བ་ཚོས་ཉིང་ཁྲིར་ངོས་འཛིན་གསར་རྐྱང་ཞིག་ཐུབ་ཡོད་པ་རེད།
         འདི་ལོའི་ལོ་འགོར་ཀྲུང་གོའི་བོད་དང་འབྲེལ་བ་ཡོད་པའི་བརྙན་འཕྲིན་ལེ་ཚན་ནེ་པ་ལ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་སྟོན་འགོ་ཚུགས་པར་ནེ་པ་ལའི་ལྟད་མོ་བ་དང་དེ་བཞིན་ནེ་པ་ལར་ལས་ཀ་བྱེད་མཁན་དང་འཚོ་བ་སྐྱེལ་མཁན་ཕྱིར་སྡོད་རང་མིས་དགའ་པོ་བྱེད་ཀྱི་ཡོད། ལེ་ཚན་ནང་བོད་ཀྱི་སྐོར་གྱི་གནས་ཚུལ་དངོས་མཚོན་གློག་བརྙན་གྱིས་དུས་རབས་གསར་པའི་བོད་ཀྱི་རྣམ་པ་མངོན་པར་བྱས་པ་དང་། ལེ་ཚན་ནང་གི་གསར་འགྱུར་ལེ་ཚན་ཡང་ནེ་པ་ལའི་ལྟད་མོ་བས་བོད་ཤེས་རྟོགས་བྱེད་པའི་ལས་སྟེགས་ཤིག་ལ་གྱུར་ཡོད་པ་རེད།
         ནེ་པ་ལའི་ལྟད་མོ་བ་ལ་ཁེ་ཧྥ་ཡིས། རང་ཉིད་བོད་ཀྱི་གཏམ་རྒྱུད་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད། གང་ལགས་ཤེ་ན། དེས་རང་ཉིད་ཀྱིས་རི་བོ་ཧི་མ་ལ་ཡའི་གཞོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་རིག་གནས་དང་རང་བྱུང་མཛེས་ལྗོངས་མི་འདྲ་བ་ཞིག་ཤེས་རྟོགས་ཐུབ་ནས་སྣ་མང་གི་འཛམ་གླིང་ལ་ངོས་འཛིན་དེ་བས་ཡག་པ་ཐུབ་པས་ཡིན་ཞེས་བཤད།
         ནེ་པ་ལར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་ལས་དོན་མི་སྣ་མང་པོ་ཞིག་གིས་ལེ་ཚན་དེས་ཚང་མས་བོད་ཤེས་རྟོགས་བྱེད་པ་དང་ཆབས་ཅིག་ཟུར་ཚད་གཞན་ཞིག་ནས་ཀྲུང་གོ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།