འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་རི་འཛེག་རུ་ཁག་ཇོ་མོ་གླང་མར་འཛེགས་རྒྱུ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པེ་ཅིང་སློབ་ཆེན་རི་འཛེག་རུ་ཁག་ཇོ་མོ་གླང་མར་འཛེགས་རྒྱུ་ལེགས་གྲུབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་23ཐོག པེ་ཅིང་སློབ་ཆེན་ཇོ་རི་རི་འཛེག་རུ་ཁག་12ཀྱིས་བྱང་ངོས་ནས་འཛམ་གླིང་གི་རི་བོ་མཐོ་ཤོས་ཏེ། ཇོ་མོ་གླང་མར་འཛེགས་རྒྱུ་ལེགས་གྲུབ་བྱུང་བ་རེད། འདི་ནི་རྒྱལ་ནང་སློབ་ཆེན་གྱི་རི་འཛེག་རུ་ཁག་གིས་དུས་གཅིག་ཏུ་རི་རྩེར་འཛེགས་མཁན་མང་ཤོས་དེ་ཡིན་པ་རེད།
         ད་ཐེངས་རི་རྩེར་འཛེགས་མཁན"པེ་ཅིང་སློབ་ཆེན་ཇོ་མོ་གླང་མ་རི་འཛེག་རུ་ཁག"གི་མི་14ཡོད་པ་དང་། པེ་ཅིང་སློབ་ཆེན་གྱི་དགེ་སློབ་དང་སློབ་གྲྭའི་གྲོགས་པོ་ཡིས་གྲུབ་པའི་ཚོགས་པ་ཡིན་ཞིང་། རི་འཛེག་མཁན་ཆུང་ཤོས་ལོ་21དང་ཆེ་ཤོས་ནི་ལོ་55ཡིན་པ་རེད། ད་ཐེངས་ཀྱི་རི་འཛེག་སྤྱི་ཁྱབ་བཀོད་འདོམས་པ་ནི་པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་1976འཛིན་གྲྭའི་སློབ་གྲོགས་ཧོང་ནུའུ་པོའོ་ཡིན་པ་རེད། ད་ཐེངས་ཀྱི་པེ་ཅིང་སློབ་ཆེན་ཇོ་མོ་གླང་མ་རི་འཛེག་རུ་ཁག་ནི་ཟླ་3ཚེས་31ཉིན་ཐོན་འགོ་ཚུགས་པ་རེད། སྔ་རྗེས་སུ་ལྷ་ས་དང་གཞིས་རྩེ་སོགས་ས་བབས་མཐོ་བའི་ས་ཆ་སྦྱོང་བརྡར་ཐེངས་མང་བྱས་པ་རེད།
     
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།