འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨར་ཅི་རི་ཡར“རྒྱུད་གཅིག་ལམ་གཅིག”གི་པར་རིས་འགྲེམས་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། ཨར་ཅིར་སིའི་རིག་གནས་ཕོ་བྲང་དུ་ཨར་ཅི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས“རྒྱུད་གཅིག་ལམ་གཅིག”གི་པར་རིས་འགྲེམས་སྟོན་བྱས་པ་རེད། ཨར་ཅི་རི་ཡའི་རིག་གནས་པུའི་པུའུ་ཀྲང་སྨི་ཧུའུ་ཝེ་པི་དང་དེ་བཞིན་ཨར་ཅི་རི་ཡར་བཅའ་སྡོད་རྒྱལ་ཁབ་བཅུ་གྲངས་ཀྱི་གཞུང་ཚབ་པས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
         ད་རེས་ཀྱི་འགྲེམས་སྟོན་དེ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཉེར་ནས་ལོ་གཅིག་འཁོར་བའི་དུས་དང་འཁེལ་ཡོད། པར་རིས་60བཤམས་པ་དེ་དག་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཡུལ་སྲོལ་གོམས་གཤིས་དང་དེ་བཞིན་ཀྲུང་གོས་རྒྱལ་ཁབ་དེ་དག་ལ་རྣམ་གྲངས་སྐྲུན་བཞིན་པའི་སྐོར་ཤ་སྟག་ཡིན་པ་རེད།
         སྨི་ཧུའུ་ཝེ་པི་ཡིས་ལྟ་སྐོར་བྱས་རྗེས་པར་རིས་འགྲེམས་སྟོན་ལས་རྒྱལ་ཁབ་ཁག་གི་མི་དམངས་ཅི་འདྲའི་ཞི་མཐུན་མཉམ་གནས་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྲུན་པའི་རྣམ་པ་ཞིག་མངོན་པ་མ་ཟད། “དར་གོས་ལམ་བུ”བསྐྱར་དུ་བསྐྲུན་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་རྣམས་སྦྲེལ་མཐུད་བྱེད་པའི་ཕུགས་འདུན་བཟང་པོ་ཞིག་རེད་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།
         ཨར་ཅི་རི་ཡར་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་པས་གསར་འགོད་པར་ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ནས་མི་ཚོས་གནའ་བོའི་ཤེས་དཔལ་ལྡན་པའི་ཀྲུང་གོ་དང་དེང་རབས་ཀྱི་ཚན་རྩལ་ཁོང་དུ་ཆུད་པའི་ཀྲུང་གོ་ཞིག་མཐོང་ཐུབ་ཅེས་བརྗོད་བྱུང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་གཞན་གྱི་རྨང་གཞིའི་སྒྲིག་བཀོད་དང་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁོང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བརྩི་འཇོག་ཡིད་སྨོན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།