འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་3ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
       མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གཞོང་མ་ཤང་སྡེ་གསར་གྲོང་ཚོའི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཟུར་པ་སྤེན་པ་ཚེ་རིང་ལ། ཞིང་པའི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་ལྐོག་ཉར་དང་བེད་སྤྱོད་པའི་གནད་དོན་སོགས་ཡོད་པ་སྟེ། 2015ལོ་ནས་2018ལོར་བར་དུ། སྤེན་པ་ཚེ་རིང་གིས་སྡེ་ས་གྲོང་ཚོའི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་དང་2015ལོའི"དུས་ཆེན་ཆེན་པོ་གསུམ"གྱི་སྐབས་སུ་དམའ་སྲུང་ཁྱིམ་ཚང་གི་འཚམས་འདྲིའི་དངུལ་ཁྱོན་བསྡོམས་27023.2ལྐོག་ཉར་བྱས་པ་མ་ཟད། དེའི་ཁྲོད་ནས་སྒོར་10000རང་དགར་ལོ་3རིང་བེད་སྤྱད་པ་རེད། 2018ལོའི་ཟླ་1པོར་གྱོད་གཞི་ཐོན་རྗེས། དམའ་སྲུང་ཁྱིམ་ཚང་6ལ་སྒོར་3300སྤྲད་ཡོད་པ་དང་། གཞན་ལྷག་མ་སྒོར་23723.2ད་དུང་སྤྲད་མེད་པ་རེད། 2018ལོའི་ཟླ་3པར། སྤེན་པ་ཚེ་རིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
        ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བཀྲ་གཡུས་གྲོང་རྡལ་གྱི་གཡུ་གོང་གྲོང་ཚོའི་ཏང་ཀྲེ་་པུའུ་ཧྲུའུ་ཅི་ཀྲུའུ་ལིན(ཁུ་ཡོན)དམངས་ཆེད་དངོས་དོན་སྒྲུབ་པའི་མ་དངུལ་བེད་སྤྱད་པའི་གནད་དོན་ཡོད་པ་དང་། ཀྲུའུ་ལིན་བཀྲ་གཡུས་གྲོང་རྡལ་གཡུ་གོང་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་ཡི་འགན་འཁུར་རིང་། 2016ལོའི་ཟླ་12པར་བླངས་པའི་2015ལོ་དང་2016ལོར་དམངས་ཆེད་དངོས་དོན་སྒྲུབ་པའི་མ་དངུལ་སྒོར་160000ལས་སྒོར་22132ལས་སྤྲད་མེད་པས། ལྷག་མ་སྒོར་137868རང་དགར་སྤྱད་པ་རེད། 2017ལོའི་ཟླ་9པར། ཀྲུའུ་ལིན་ལ་ཏང་གི་སྐྱིད་སྡུག་ནང་ལོ་གཅིག་རིང་ལྟ་ཞིབ་དང་། སྲིད་འཛིན་གནས་དབྱུང་བཏང་བའི་ཆད་པ་བཅད་པ་དང་། ལས་དོན་བསྒྲུབ་མཁན་གྱི་ལས་ཀ་བཀོད་སྒྲིག་བྱས་པ་དངསྒྲིག་འགལ་གྱི་མ་དངུལ་རང་དགར་ཕྱིར་སློག་བྱེད་དུ་བཅུག་པ་རེད།
         མངའ་རིས་ས་ཁུལ་སྒར་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཀྲུའུ་རེན་ཁོ་ཡོན་བཀྲ་ཤིས་རྡོ་རྗེར་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཁྲོད་འོས་འགན་ནུས་ལྡན་མ་སྒྲུབ་པའི་གནད་དོན་ཡོད་པ་དང་། བཀྲ་ཤིས་རྡོ་རྗེས་སྒར་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་2014ལོའི་ཁག་གཉིས་པའི་འདེམ་འཇོག་གྲོང་ཚོའི་མཐའ་མཚམས་དཔེ་མཚོན་གྲོང་ཚོའི་འབྲོག་པའིསྤྲོ་སྐྱིད་་གླིང་འཛུགས་སྐྲུན་རྣམས་གྲངས་ཀྱི་ཞིབ་བཤེར་རྩིས་ལེན་ཁྲོད་། རྣམས་གྲངས་ནང་གི་སྨི་གྲུ་བཞི་མ་30ཡོད་པའི་བོད་ལུགས་སྦྲ་གུར་དང་སྨི་གྲུ་བཞི་མ་100ཡོད་པའི་རླངས་འཁོར་འཇོག་ས་བསྐྲུན་མེད་ཀྱང་རྩིས་ལེན་བྱས་པས། རྒྱལ་ཁབ་ཀྱི་ཆེད་མངགས་མ་དངུལ་འཕྲོག་བརླག་བཏང་ཕྱིར། 2018ལོའི་ཟླ་4པར། བཀྲ་ཤིས་རྡོ་རྗེར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།