འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་བརྙན《ནན་ཀོ》ཞེས་པ་ཀག་ན་དུས་ཆེན་ཐོག་གྲུབ་འབྲས་ཐོབ་པའི་ངང་ཕྱི་རྒྱལ་དུ་འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། གསར་འགོད་པར་ཀྲུང་གོ་གློག་བརྙན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཧྥ་རན་སེའི་གྲོང་ཁྱེར་ཀག་ན་རུ་འཚོགས་པའི་སྐབས་དོན་གཅིག་པའི་ཀག་ན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་ཀྲུང་གོའི་གློག་བརྙན་མ་རྐང་ཚད་ཡོད་ཀུང་སི་དང་ཀོང་ཏུང་ལྷོ་ཕྱོགས་གཙོ་ཁྲིད་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་བརྒྱུད་སྤེལ་ཚད་ཡོད་ཀུང་སི་སོགས་ཚན་པས་མཉམ་དུ་བཟོས་པའི་གློག་བརྙན་《ནན་ཀོ་》(གློག་བརྙན་འདིའི་ཕྱི་རྒྱལ་གྱི་མིང་ལ་《མི་སེར་གྱི་དཔའ་བོ་》ཞེས་ཟེར་གྱི་ཡོད)ཞེས་པ་དང་ཨ་རིའིTriCoast Worldwideཀུང་སི་དང་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་པའི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད། རྒྱལ་ནང་གི“གནད་སྨིན་དབུལ་སྐྱོར་གྱི་ལས་དོན”གྱི་ནང་དོན་མཚོན་པའི་གློག་བརྙན་དེ་ཕྱི་རྒྱལ་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་འགྲེམས་སྤེལ་ཐུབ་པ་དེར་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།