འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་མཁའ་འགྲུལ་གྱིས་གནམ་གྲུའི་རླུང་བཀག་ཤེལ་སྒོར་ཞིབ་བཤེར་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་མཁའ་འགྲུལ་གྱིས་གནམ་གྲུའི་རླུང་བཀག་ཤེལ་སྒོར་ཞིབ་བཤེར་བྱས།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། སི་ཁྲོན་མཁའ་འགྲུལ་གྱིས་སྨྱན་སྦྱོར་ཐུག་འཕྲད་ཚོགས་འདུ་འཚོགས་ནས། ཟླ་5ཚེས་14ཉིན་ཁྲུང་ཆིང་ནས་ལྷ་ས་བར་འཕུར་བའི་གནམ་གྲུ་3U8633དོན་རྐྱེན་བྱུང་ནས་ཁྲེན་ཏུའུ་རུ་བབས་དགོས་བྱུང་བའི་འབྲེལ་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། གནམ་གྲུའི་གཏོང་མཁན་གཙོ་བོ་ལུའུ་ཁྲང་ཅན་གྱིས། ང་ནི་གནམ་གྲུའི་ལམ་ཐིག་འདིའི་ཐོག་ཐེངས་བརྒྱ་ལྷག་འཕུར་མྱོང་ཡོད་ལ། སྐྱོན་ཤོར་བའི་གནམ་གྲུ་དེར་རྒྱུས་མངའ་ཆེན་པོ་ཡོད། དེ་ཕྱིར་ལམ་སེང་ཐག་གཅོད་བྱས་པ་ཡིན། གཞན་ཡང་། མིག་སྔར་སི་ཁྲོན་མཁའ་འགྲུལ་གྱིས་རིགས་གཅིག་གི་གནམ་གྲུ་ཚང་མའི་རླུང་བཀག་ཤེལ་སྒོར་ཞིབ་བཤེར་བྱས་པར་གནས་ཚུལ་གསར་པ་བཙལ་རྙེད་ཐུབ་མེད་ཅེས་བཤད།
         གནམ་གྲུ་3U8633ནི་ཟླ་14ཚེས་6ཉིན་གྱི་ཆུ་ཚོད་6དང་སྐར་མ་27ཐོག་ཁྲུང་ཆིང་ནས་འཕུར་ཞིང་། ཁྲེན་ཏུའུ་མཁའ་ཁོངས་སུ་སྐོར་ཞིབ་འཕུར་སྐྱོད་བྱེད་རིང་། ཁ་ལོ་བའི་ཚང་གི་གཡས་ངོས་རླུང་བཀག་ཤེལ་སྒོ་ཆག་པས། གནམ་གྲུའི་ཚོགས་ཆུང་གིས་དེ་མུར་ཛ་དྲག་མྱུར་བབས་ལག་བསྟར་བྱས་པ་རེད།
         གནམ་གྲུ་དེའི་ནང་ཁྱོན་སྐུ་མགྲོན་119ཡོད་པ་དང་། ཆུ་ཚོད་7དང་སྐར་མ་40གཡས་གཡོན་དུ་བདེ་འཇགས་ངང་ཁྲེན་ཏུའུ་རུ་བབས་རྗེས་སུ། སྐུ་མགྲོན་འགའ་རེ་ཁྲེན་ཏུའུ་ནས་ལྷ་ས་འཕུར་བའི་གནམ་གྲུར་བརྗེས་ནས་ཉིན་དེའི་ཕྱི་དྲོར་ལྷ་སར་འཕུར་བ་རེད། ཚོར་སྣང་མི་བདེ་བའི་སྐུ་མགྲོན་མི་27ལ་བརྟག་དཔྱད་བྱས་རྗེས་སུ་མི་འཚམ་པ་མེད་པ་དང་། མིག་སྔར། ཚང་མ་སྨན་ཁང་ནས་བརྟག་དཔྱད་ཟིན་ཏེ་དོན་པ་རེད། གཞན་ཡང་གནམ་གྲུའི་ཚོགས་ཆུང་གི་མི་གཉིས་ལ་རྨས་སྐྱོན་ཕོག་པས། ད་དུང་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
    ༄༅།།སི་ཁྲོན་མཁའ་འགྲུལ་གྱིས་གནམ་གྲུའི་རླུང་བཀག་ཤེལ་སྒོར་ཞིབ་བཤེར་བྱས།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།