འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ནད་རིགས་ཀྱི་གཞི་རྩའི་ནད་དཔྱད་
    གསལ་ཐོ་དང་པོ་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་15ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་རིགས་ནད་དཔྱད་འཁྲུལ་མེད་ཐུབ་ནས་སྨན་བཅོས་ཕན་འབྲས་ཆེ་རུ་གཏོང་ཆེད། གོ་ལ་ཧྲིལ་པོའི་རྒྱུན་མཐོང་ནད་རིགས་ཀྱི་ནད་དཔྱད་ལ་མཛུབ་ཁྲིད་ཐུབ་པ་དང་སྔོན་ལ་གསོ་བཅོས་བྱེད་དགོས་པའི་ནད་རིགས་འགའི་གཞི་རྩའི་ནད་དཔྱད་གསལ་ཐོ་ཁྱབ་བསྒྲགས་བྱས་པ་རེད།
          གསལ་ཐོ་འདི་ནི་གཙོ་བོར་ཁྲག་དང་གཅིན་རྒྱུ་སོགས་ཀྱི་བརྟག་དཔྱད་ཚུད་པའི་ལུས་ཕྱིའི་བརྟག་དཔྱད་ལ་དམིགས་ཤིང་། དེའི་ནང་དུ་ཐོན་རྫས་སྣ་ཁ་113ཡོད་པ་ལས་སྣ་ཁ་58ནི་རྒྱུན་མཐོང་ནད་རིགས་སྣ་ཚོགས་ཞིབ་བཤེར་དང་ངོས་འཛིན་བྱེད་ཐད་སྤྱད་དེ་ནད་པ་གྲལ་བཤེར་དང་དོ་དམ་བྱ་རྒྱུར་རྨང་གཞི་བཏིང་པ་དང་། གཞན་ཡང་སྣ་ཁ་55ཨེ་ཙིའི་ནད་དང་། འདུས་འདྲིལ་གཅོང་ནད། འདར་ནད་སོགས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་ལ་གསོ་བཅོས་བྱེད་ཁོངས་སུ་བཅུག་པའི་ནད་གཞི་ཞིབ་བཤེར་དང་ནད་དཔྱད་སོགས་ཀྱི་ཐད་སྤྱོད་ཆོག་གི་ཡོད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་མཱ་ལེ་ཨན་ཅེ་ལཱ·ཤིས་མོང་གིས། ཚོད་ལྟའི་གསལ་ཐོ་འདིས་རྒྱལ་ཁབ་ཚང་མར་གོ་ཆོད་ཡོ་བྱད་ཅིག་མཁོ་འདོན་བྱས་ནས་ཞིབ་བཤེར་དང་སྨན་བཅོས་བྱེད་བདེར་བཏང་བ་མ་ཟད། ད་དུང་འཕྲོད་བསྟེན་གྲོན་དངུལ་བེད་སྤྱོད་སྔར་བས་ནུས་ལྡན་ཡོང་རྒྱུར་ཡང་ཕན་པ་ཡོད། གསལ་ཐོ་འདིས་རྒྱལ་ཁབ་ཚང་མ་དང་འབྲེལ་ཡོད་ཐོན་རྫས་མཁོ་སྤྲོད་ཚོང་པ་ཚོར་རེའུ་མིག་ནང་གི་ཚོད་ལྟའི་ཐད་སྤུས་ཚད་ལེགས་པ་དང་། བདེ་འཇགས། གོང་ཁེ་བཅས་ཀྱི་ཚད་གཞི་ངེས་པར་དུ་ལོན་དགོས་པའི་གསལ་བརྡ་བཏང་ཡོད་ཅེས་བརྗོད་པ་རེད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།