འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྨན་བཅོས་རུ་ཁག་ལ་ཙན་པི་ཡ་སྲིད་གཞུང་གི"སྨན་བཅོས་མཉམ་ལས་ཀྱི་
    བྱས་རྗེས་གཟེངས་རྟགས"ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་18ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཙན་པི་ཡའི་འཕྲོད་བསྟེན་པུས་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་19པའི་རུ་མི་ཚང་མར“སྨན་བཅོས་མཉམ་ལས་ཀྱི་བྱས་རྗེས་གཟེངས་རྟགས”སྤྲད་དེ་ཁོང་ཚོས་ཙན་པི་ཡའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གཡུར་ཟའི་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད།
          ཙན་པི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཆི་ཐ་ལུའུ ·ཆི་ལུའུ་ཧྥེ་ཡ་དང་དེ་བཞིན་ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཀྲུང་གོའི་ཚོང་ཚོགས་ཀྱི་འཐུས་མི་སོགས་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།
         ཆི་ལུའུ་ཧྥེ་ཡས་ཙན་པི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་19པས་ལོ་གཅིག་རིང་ལས་དོན་ཧུར་ཐག་སྤེལ་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་1978ལོ་ནས་བཟུང་ཀྲུང་གོས་ཙན་པི་ཡར་སྨན་བཅོས་རུ་ཁག་གཏོང་འགོ་ཚུགས་པ་དང་ལོ་40ཡི་རིང་ཙན་ཀྲུང་རྒྱལ་ཁབ་གཉིས་པོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མཉམ་ལས་འབྲེལ་བ་བཟང་པོ་བཙུགས་ཏེ་ཙན་པི་ཡའི་འཕྲོད་བསྟེན་སྡེ་ཚན་གྱི་རྨང་གཞིའི་སྒྲིག་བཀོད་དང་ནུས་པ་འཛུགས་སྐྱོང་བྱེད་པའི་ཐད་ཀྲུང་གོའི་རོགས་སྐྱོར་གྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བརྗོད་པ་རེད།
         ཙན་པི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་19པའི་རུ་དཔོན་ཆི་ཙུའུ་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4པའི་ཟླ་མཇུག་བར་སྨན་བཅོས་རུ་ཁག་གིས་ཁྱོན་སྒོ་བསྟེན་སྨན་ཁང་དུ་ནད་པ་མི་ཐེངས་15275ལ་སྨན་བཅོས་བྱས་པ་དང་། མི་ཐེངས་726ལ་གཤགས་བཅོས་བྱས་པ། ཉེན་ཆེའི་ནད་པ་མི་ཐེངས་392མྱུར་སྐྱོབ་བྱས་པ། ས་གནས་དེ་གའི་སྨན་དོན་མི་སྣ་མི་ཐེངས་352ལ་གསོ་སྦྱོང་བྱས་པ། ཐོག་མར་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཐེངས་30སྤེལ་བ་དང་འབྲེལ་རང་འགུལ་ངང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་ཞུགས་ཏེ་མཐའ་མཚམས་ཀྱི་ཐག་རིང་རི་ཁུལ་དང་དྭ་ཕྲུག་ཁང་སོགས་སུ་བསྐྱོད་དེ་སྨན་རིན་མི་དགོས་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་བཅས་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།