འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"ཡིད་རྟོན་ལས་ཀྲུང་གོའི་བཀྲག་མདངས་འཚེར"ཞེས་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་བྱེད་སྒོ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་2018ལོའི“ཡིད་རྟོན་ལས་ཀྲུང་གོའི་བཀྲག་མདངས་འཚེར”ཞེས་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་གཞོན་ནུའི་ཡིད་རྟོན་འཛུགས་སྐྱོང་གི་སྐུལ་སྤེལ་ཚོགས་འདུ་པེ་ཅིང་དགེ་འོས་སློབ་ཆེན་དུ་འཚོགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི“ཡིད་རྟོན་ལས་ཀྲུང་གོའི་བཀྲག་མདངས་འཚེར”ཞེས་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་བྱེད་སྒོ་དེས་གཙོ་བོ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་100དང་མཐོ་སློབ་300རུ་སྤྱི་ཚོགས་ཀྱི་ཡིད་རྟོན་འཛུགས་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ་གལ་ཆེན་གསལ་འགྲེལ་དང་། ཡིད་རྟོན་ཤེས་བྱའི་ཆེད་དོན་འཆད་ཁྲིད། ཡིད་རྟོན་གྱི་བརྗོད་དོན་གཙོ་བོའི་རིག་གནས་བརྩམས་ཆོས་གསར་གཏོད་འགྲན་བསྡུར་བཅས་དང་། དེ་བཞིན་འབྲེལ་ཡོད་ཀྱི་ཡིད་རྟོན་གྱི་བརྗོད་དོན་གཙོ་བོའི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།