འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་ཁྱོན་ཡོངས་ནས་དབུལ་སྐྱོར་མ་དངུལ་སྤྱོད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཧོ་པེ་ཞིང་ཆེན་ནོར་སྲིད་ཐིང་གིས་འཚོཌ་པའི་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་ལྟ་སྐུལ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་དུས་བཀག་ལྟར་སྤུས་ཚད་མཐོ་བའི་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་སྒྲུབ་ཐུབ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་《དབུལ་སྐྱོར་མ་དངུལ་གཏོང་བ་དང་བེད་སྤྱོད་དོ་དམ་སྐོར་གྱི་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི་》བཟོས་པ་དང་འབྲེལ། བྱ་ཐབས་སྣ་མང་སྤྱད་ནས་ནོར་སྲིད་དབུལ་སྐྱོར་མ་དངུལ་སྤྱོད་རྒྱུར་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱ་རྒྱུ་ཡིན་པ་རེད།
         ཇུས་གཞི་གཞིར་བཟུང་། ཧོ་པེ་ཞིང་ཆེན་ནོར་སྲིད་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དབུལ་སྐྱོར་མ་དངུལ་སྤྱོད་མཁན་གྲོང་ཁྱེར་དང་རྫོང་ཡོངས་ལ་ལེབ་བཤེར་རྣམ་པའི་ཞིབ་བཤེར་བྱས་ནས་2016ལོའི་ཚུན་གྱི་དབུལ་སྐྱོར་མ་དངུལ་རེ་ཞུ་དང་། ཁག་བགོས། སྤྲོད་པ། དོ་དམ། སྤྱོད་པའི་བརྒྱུད་རིམ་བཅས་ཁྲོད་རྫུན་ཞུ་དང་བརྫུས་ལེན་དང་། ལྐོག་ཟ་ཧམ་བཟུང་། སྒེར་སྤྱོད། མ་དངུལ་བེད་མེད་དུ་འཇོག་པ། གཉེན་ཉེ་དང་གྲོགས་པོར་སྤྲོད་པ། མ་དངུལ་སྤྱོད་པའི་ཕན་ནུས་ཆེན་པོ་མེད་པ། དོ་དམ་ཚད་ལྡན་མིན་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་ཡོད་མེད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།