འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་ཀྲུང་གོ་ས་ཡོམ་ཅུས་ཀྱིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་བཅུ་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོས“བྱ་སྤྱོད་སྤེལ་ནས་ཉེ་འགྲམ་གྱི་གནོད་འཚེ་དང་ཉེན་ཁ་ཆུང་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྐབས་བདུན་པའི“དུས་བདེའི་ཀྲུང་གོའི”གནོད་འཚེ་སྔོན་འགོག་དང་དྲིལ་བསྒྲགས་ཁྲིད་སྟོན་གྱི་རིམ་སྤེལ་སྤྱི་ཕན་བྱེད་སྒོ་སྤེལ་བ་མ་ཟད། སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དང་གསལ་འགྲེལ་གྱི་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་ཡང་བྱས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། སྐབས་བདུན་པའི“དུས་བདེའི་ཀྲུང་གོའི”གནོད་འཚེ་སྔོན་འགོག་དང་དྲིལ་བསྒྲགས་ཁྲིད་སྟོན་གྱི་རིམ་སྤེལ་སྤྱི་ཕན་བྱེད་སྒོ་ནི་ཀྲུང་གོ་ས་ཡོམ་ཅུས་དང་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་བ་རེད། རྒྱལ་ཡོངས་སུ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས་ཆིག་སྟོང་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དབུན་ཁྲོན་གྱི་ཡོམ་འགོག་གེགས་སེལ་ལ་ཞུགས་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་བ། གྲོང་ཁྱེར་སྟོང་གི་བྱ་སྤྱོད་ཆེ་མོ་དང་གནོད་འཚེ་སྔོན་འགོག་གི་གློག་བརྙན་དུས་ཚིགས་སོགས་རིམ་སྤེལ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དང་གསལ་འགྲེལ་གྱི་འགྲན་བསྡུར་ཆེ་མོར་ཁྱོན་བདམས་ཐོན་པ་260ལྷག་ཙམ་གྱི་བརྙན་ཐུང་འབྱོར་ཞིང་། གདམ་སྒྲུག་འགྲན་བསྡུར་དང་ཁུལ་དབྱེའི་གྲ་སྒྲིག་འགྲན་བསྡུར་བརྒྱུད་བདམས་ཐོན་པ་33སྤྱིའི་མཐའ་བསྡུར་ནང་ཞུགས་རྒྱུ་རེད། ད་ཐེངས་ཀྱི་བྱེད་སྒོས་ཡོམ་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་བརྒྱུད་སྤེལ་བྱེད་པ་དང་ཆབས་ཅིག་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་གསལ་འགྲེལ་ལ་གཞོལ་མཁན་དང་། ཚན་རིག་ཁྱབ་གདལ་གྱི་དང་བླངས་པར་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།