འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།"གོས་དཀར་ལྷ་མོ"ཀེ་ཀྲེ་ཧུང་གིས་ནད་པ་དང་སྤྱི་ཚོགས་ལ་བརྩེ་བ་འཆང་བཞིན་ཁེ་བེད་
    བདག་ཐོབ་ཀྱི་ཐོན་རྫས་གསར་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ད་ཆ་ལོ་44ལ་སླེབས་པའི་ཀེ་ཀྲེ་ཧུང་ནི་ཅི་ཀྲུང་ནུས་རྒྱུ་ཧྭ་པེ་སྨན་བཅོས་ཧྥུང་ཧྥུང་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་ཁུལ་བྱང་མའི་སྨན་དོན་པུའི་ནད་སྐྱོང་དཔོན་ཡིན་པ་དང་། ད་བར་ནད་སྐྱོང་བྱས་ནས་ལོ་27འགྲོ་གི་ཡོད། ལས་ཀའི་ཁྲོད་དུ་ཁོང་གིས་སྨན་བཅོས་སྒྲིག་ཆས་ལ་ཆད་སྐྱོན་ཡོད་པ་ཤེས་རྟོགས་བྱུང་བས། ཁོང་ལ་སྤྱོད་བདེ་པོ་མེད་པའི་ཅ་དངོས་རྣམས་སྒྱུར་བཀོད་བྱས་ནས་ཚང་མས་སྤྱོད་བདེ་ཡོང་བ་དང་ནད་པར་སྨན་བཅོས་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས་པའི་བསམ་ཚུལ་འཆར་བ་རེད། ལོ་མང་རིང་ཀེ་ཀྲེ་ཧུང་ལ་རྒྱལ་ཁབ་ཀྱི་ཉེར་མཁོ་དཔེ་གསར་དང་ཕྱི་དབྱིབས་ཇུས་འགོད་ཀྱི་ཁེ་བེད་བདག་ཐོབ་317དང་རྒྱལ་ཁབ་ཀྱི་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་1ཐོབ་པ་རེད། ད་ཆ་ཀེ་ཀྲེ་ཧུང་གི་ཕུགས་འདུན་ནི་ཁེ་བེད་བདག་ཐོབ་དེ་དག་གང་མགྱོགས་ཐོན་རྫས་དངོས་སུ་བསྒྱུར་ནས་སྤུས་རྟགས་སུ་གྱུར་པ་བྱས་ཐོག་ནད་པ་དང་སྤྱི་ཚོགས་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་རྒྱུ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།