འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཏོ་སྨི་ནི་ཁས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ས་གནས་དེའི་དུས་ཚོད་ཟླ་4ཚེས་30ཉིན་གྱི་དགོང་མོ་ཏོ་སྨི་ནི་ཁ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
          ཏོ་སྨི་ནི་ཁ་སྲིད་གཞུང་གི་ཁྲིམས་དོན་ཇུས་འདྲི་བ་ཧྥེ་ལཱ་ཝུའེ་ཨའོ·ཏ་ལི་ཨའོ·ཨའེ་སི་ཕི་ནར་གྱིས་དེ་ཉིན་དགོང་མོ་ཙུང་ཐུང་ལས་ཤག་ཏུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཏོ་སྨི་ནི་ཁ་སྲིད་གཞུང་གི་སྤྱི་བསྒྲགས་སྒྲོག་སྦྱངས་བྱས་ཤིང་། ཁོང་གིས་གཏན་འབེབས་དེ་ནི“ཡུན་རིང་དཔྱད་ཞིབ་བྱས་པ་དང་འབྲེལ་སྲིད་དོན་དང་ཚོང་དོན་ལས་རིགས་དང་གྲོས་མོལ་རྒྱ་ཁྱབ་བྱས་པ་བརྒྱུད་གཏན་འཁེལ་བྱས་པ་ཞིག་དང་། ཏོ་སྨི་ནི་ཁ་མི་དམངས་ཀྱི་དགོས་མཁོ་དང་འབྱུང་འགྱུར་ལ་དམིགས་ནས་བཏོན་པ་ཞིག་རེད”ཅེས་བཤད།
         སྤྱི་བསྒྲགས་ནང་ཏོ་སྨི་ནི་ཁས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་ཁས་ལེན་བྱེད་པ་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བཤད་ཡོད།
         སྤྱི་བསྒྲགས་ནང་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེས་ཏོ་སྨི་ནི་ཁར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད། ཀྲུང་གོ་ནི་མིག་སྔར་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དེ་རེད། ལོ་མང་རིང་ཏོ་སྨི་ནི་ཁའི་ཐོན་ལས་ལས་རིགས་ཀྱིས་ཀྲུང་གོ་དང་ཕྱི་འབྲེལ་ལམ་དཔལ་འབྱོར་ཚོང་དོན་ཐད་ཀྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་རེ་འབོད་བྱེད་ཀྱི་ཡོད། མིག་སྔར་ཀྲུང་གོ་ནི་ཏོ་སྨི་ནི་ཁས་ཚོང་ཟོག་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཆེ་གྲས་གཉིས་པ་དེ་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུ་མ་ཟད། ཏོ་སྨི་ནི་ཁའི་ཕྱི་ཕྱོགས་སྲིད་ཇུས་ཀྱང་དུས་རབས་གསར་པར་བསྐྱོད་རྒྱུ་རེད་ཅེས་བཤད།
         རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་ཀྱིས་པེ་ཅིང་གི་དུས་ཚོད་ཟླ་5ཚེས་1ཉིན་གྱི་སྔ་དྲོ་པེ་ཅིང་དུ་ཏོ་སྨི་ནི་ཁའི་ཕྱི་འབྲེལ་པུའུ་ཀྲང་པཱར་ཅཱ་སི་དང་《ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་སྤྱི་བསྒྲགས་》ལ་མིང་རྟགས་བཀོད་པ་རེད། སྤྱི་བསྒྲགས་ལ་མིང་རྟགས་བཀོད་པའི་ཉིན་ནས་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཏོ་སྨི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕན་ཚུན་ཁས་ལེན་བྱེད་པ་དང་འབྲེལ་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།