འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ཐེན་ས་གནས་གཉིས་ཀྱིས"འཛད་སྤྱོད་དབུལ་སྐྱོར"བྱེད་སྟངས་སྤྱད་ནས་དུད་ཚང་
    དབུལ་པོའི་ཡོང་འབབ་མང་དུ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་29ཉིན། ཀན་སུའུ་ཡི་དངོས་ཟོག་ཐེན་ཅིན་དུ་འདྲེན་པའི་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ཐེན་ཅིན་དུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་ཐེན་ཅིན་དང་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཀན་སུའུ་ཡིས་གོ་ཨན་སྡེ་ཁུལ་བརྒྱུད་ཀན་སུའུ་ཡི་དུད་ཚང་དབུལ་པོའི་ལག་ནས་ས་གནས་ཀྱི་ཁྱད་ལྡན་ཚོང་ཟོག་སྣ་ཁ་བརྒྱ་གྲངས་ཉོ་སྒྲུབ་བྱས་ཏེ་ཐེན་ཅིན་དུ་བཙོངས་ནས་ཀན་སུའུ་ཡི་དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་གཏོང་རོགས་དང་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱ་རྒྱུ་དེ་རེད།
         ད་རེས་ཀྱི་དབུལ་སྐྱོར་བྱེད་སྒོ་ནི་ཐེན་ཅིན་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། ཀན་སུའུ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་། ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཆུས་སྲིད་གཞུང་། ཀྲུང་ཤིན་གོ་ཨན་ཚོགས་པ་སོགས་ཕྱོགས་མང་པོ་ཞིག་གིས་མཉམ་དུ་སྤེལ་བ་ཞིག་རེད།
         1996ལོ་ནས་བཟུང་ཐེན་ཅིན་གྱིས་ཀན་སུའུ་ལ་ཁ་གཏད་རོགས་སྐྱོར་དང་རོགས་ལས་བྱེད་འགོ་ཚུགས་ཡོད། ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལི་ཧྲུའུ་ཆི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་བར་ཐེན་ཅིན་གྱིས་རིམ་རྩིས་བྱས་ན་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་8ལྷག་བཏང་བ་དང་། རོགས་སྐྱོར་རྣམ་གྲངས་624ལག་ལེན་བསྟར་བ། ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་5ལྷག་མཁོ་འདོན་བྱས་ཡོད་པ་རེད།
         ད་རེས་ཀྱི“འཛད་སྤྱོད་དབུལ་སྐྱོར”ནི་སྔོན་མའི་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་པ་ཞིག་རེད། གོ་ཨན་སྡེ་ཁུལ་བརྒྱུད་ས་གནས་དེ་གའི་དུད་ཚང་དབུལ་པོའི་ལག་ནས་ཐད་ཀར་ཉོ་སྒྲུབ་བྱས་རྗེས་དྲ་ཐོག་ཚོང་ཁང་དང་དངོས་གཞིའི་ཚོང་ཁང་བརྒྱུད་ཐེན་ཅིན་དུ་བཙོངས་ཏེ་དྲ་ཐོག་དྲ་ཕྱི་གཞི་གཅིག་ཅན་གྱི་དབུལ་སྐྱོར་ཞབས་ཞུའི་ལས་སྟེགས་ཤིག་ཆགས་པ་བྱ་རྒྱུ་རེད། བྱེད་སྒོ་སྤེལ་རིང་ཐེན་ཅིན་གྱི་གྲོང་མིས་ཚགས་ཤ་དང་བྲ་ཕྱེ་ལ་སོགས་ཀན་སུའུ་ཡི་ཁྱད་ལྡན་ཐོན་རྫས་རིགས་བརྒྱ་གྲངས་ཉོ་སྒྲུབ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།